ཕྱི་ལོ་༢༠༢༤ ཟླ༨ ཚེས་༡༢ ཉིན་སྤེལ། ཧྥ་རན་སིར་ཚོགས་པའི་ཕྱི་ལོ་༢༠༢༤ དབྱར་དུས་ཨོ་ལིམ་པིག་རྩེད་འགྲན་ནི་ཁ་སང་མཇུག་སྡུད་ཡོད་ཅིང་། ཉིན་བཅུ་བདུན་རིང་རྩེད་རིགས་འདྲ་མིན་༣༢་རྩེས་པའི་ཁྲོད་ནས་ཨ་རི་ཡིས་གསེར་གྱི་རྟགས་མ་༤༠་དང་དངུལ་གྱི་རྟགས་མ་༤༤། ཟངས་ཀྱི་རྟགས་མ་༤༢་བཅས་ཁྱོན་རྟགས་མ་༡༢༦་བླངས་ནས་ཨང་དང་པོ་ཐོབ་འདུག རྒྱ་ནག་གིས་གསེར་གྱི་རྟགས་མ་༤༠་དང་དངུལ་གྱི་རྟགས་མ་༢༧། ཟངས་ཀྱི་རྟགས་མ་༢༤་བཅས་ཁྱོན་བསྡོམས་རྟགས་མ་༩༡་བླངས་ནས་ཨང་གཉིས་པ་ཐོབ་འདུག ཉི་ཧོང་གིས་་གསེར་གྱི་རྟགས་མ་༢༠་དང་དངུལ་གྱི་རྟགས་མ་༡༢ དང་ཟངས་ཀྱི་རྟགས་མ་༡༣་བཅས་ཁྱོན་རྟགས་མ་༤༥་བླངས་ནས་ཨང་གསུམ་པ་ཐོབ་འདུག
དེ་ཡང་། ཕྱི་ལོ་༢༠༢༤ དབྱར་དུས་ཨོ་ལིམ་པིག་རྩེད་འགྲན་ནི་ཧྥ་རན་སི་ཡིས་གོ་སྒྲིག་གནང་ཡོད་ཅིང་། ཧྥ་རན་སིའི་རྒྱལ་ས་པ་རི་སིར་ཚོགས་ཡོད་པ་དང་ཡོ་སྒོར་ཐེར་འབུལ་༩་འགྲོ་གྲོན་བཏང་ཡོད་འདུག ཨོ་ལིམ་པིག་རྩེད་འགྲན་ནི་འདི་ལོ་ཕྱི་ཟླ་༧ ཚེས་༢༦་ནས་འགོ་འཛུགས་ཀྱིས་ཕྱི་ཟླ་༨་ཚེས་༡༡་ཉིན་ལ་མཇུག་སྡུད་བྱས་ཡོད། འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་ནང་དུ་རྒྱལ་ཁབ་དང་ས་གནས་ཁག་ནས་ཨོ་ལིམ་པིག་ཚོགས་ཆུང་༢༠༤་འཛུལ་ཞུགས་བྱས་ཡོད་པ་དང་། ཨ་ཧྥི་རི་ཀ་ནས་ཨོ་ལིམ་པིག་ཚོགས་ཆུང་༥༤་དང་ཡོ་རབ་ནས་༤༨། ཨེ་ཤེ་ཡ་ནས་༤༤། ནུབ་དང་བྱང་ཨ་རི་ནས་ཨོ་ལིམ་པིག་ཚོགས་ཆུང་༤༡། ཨོ་གླིང་གཙོས་པའི་རྒྱ་མཚོ་མཐའ་འཁོར་གནས་པའི་རྒྱལ་ཁབ་ཁག་ནས་ཨོ་ལིམ་པིག་ཚོགས་ཆུང་༡༧་བཅས་ནས་རྩེད་འགྲན་པ་༡༠༧༡༤་མཉམ་ཞུགས་བྱས་འདུག ར་ཤི་ཡས་ཡུག་ཁི་རེན་བཙན་འཛུགས་བྱས་ནས་བཟུང་ཨོ་ལིམ་པིག་ཚོགས་ཆུང་གིས་ཨོ་ལིམ་པིག་ནང་དུ་འགྲན་ཞུགས་བྱེད་མི་ཆོག་བཟོས། དེར་བརྟེན། ར་ཤི་ཡ་དང་བྷེ་ལ་རུ་སིའི་རྩེད་འགྲན་པ་ཚོས་དེའི་ཚབ་ཏུ་རྒྱལ་ཁབ་ཀྱི་ངོས་འཛིན་མེད་པར་སྒེར་གྱི་བར་མའི་རྩེད་འགྲན་པ་ཞེས་འགྲན་བསྡུར་བྱེད་ཀྱི་ཡོད་འདུག སྐྱབས་བཅོལ་བའི་ཨོ་རྩལ་འགྲན་ཚོགས་རུ་ཁག་གིས་ཀྱང་འགྲན་བསྡུར་བྱས།
སྤྱིར་ཨོ་ལིམ་པིག་རྩེད་འགྲན་ནང་དུ་རྒྱལ་ཁབ་གཞི་བཞག་ནས་འཛུལ་ཞུགས་བྱེད་ཀྱི་མེད་ཅིང་། ཨོ་ལིམ་པིག་ཚོགས་ཆུང་ཅེས་པ་ནས་བརྒྱུད་ནས་འཛུལ་ཞུགས་བྱེད་ཀྱི་ཡོད་འདུག དེར་བརྟེན་སྐྱབས་བཅོལ་བའི་ཨོ་རྩལ་འགྲན་ཚོགས་རུ་ཁག་ཅིག་ཀྱང་འཛུལ་ཞུགས་བྱས་འདུག འདི་ལོ་དབྱར་དུས་ཨོ་ལིམ་ཕིག་རྩེད་འགྲན་ནང་དུ་ཨ་རིར་ནས་རྩེད་འགྲན་པ་༥༩༢་དང་། ཧྥ་རན་སི་ནས་རྩེད་འགྲན་པ་༥༧༣། ཨོ་སི་ཁྲུ་ལི་ཡ་ནས་རྩེད་འགྲན་པ་༤༧༠། འཇར་མན་ནས་རྩེད་འགྲན་པ་༤༢༨། ཉི་ཧོང་ནས་རྩེད་འགྲན་པ་༤༠༣། རྒྱ་ནག་ནས་རྩེད་འགྲན་པ་༣༨༨། ཨེ་ཊ་ལི་ནས་རྩེད་འགྲན་པ་༣༧༡། དབྱིན་ཡུལ་ནས་རྩེད་འགྲན་པ་༣༢༧། ནེ་རྡར་ལན་ཌི་ནས་རྩེད་འགྲན་པ་༢༥༨། ལྷོ་ཀོ་རི་ནས་རྩེད་འགྲན་པ་༡༤༤། རྒྱ་གར་ནས་རྩེད་འགྲན་པ་༡༡༧་བཅས་ཡོད་འདུག
རྩེད་རིགས་འདྲ་མིན་༣༢་རྩེས་པའི་ཁྲོད་ནས་ལག་རྩེད་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། ཝོ་ལི་པོལ།། གོམ་བགྲོད་འགྲན་བསྡུར། རྒྱང་མཆོང་། རྒྱང་རྒྱུག མཐུད་རྒྱུག་(Relay race) བྱ་སྒྲོག་རྩེད་མོ། གྷོལ་ཧྥི་(Golf) མདའ་རྩེད། རི་འཛེག་འགྲན་བསྡུར། རྐང་འཁོར་འགྲན་བསྡུར། ལྕགས་རྡོ་གཡུག་རྩེད། ཤུགས་ཚད་འགྲན་བསྡུར། ཁུ་ཚུར་རྩལ་འགྲན་བསྡུར།་(Boxing) མཐོ་མཆོང་རྩེད་འགྲན། སྒྱུ་རྩལ་གྱི་ཆུ་རྐྱལ། ཆུ་རྐྱལ་འགྲན་བསྡུར་སོགས་ཡོད་འདུག ཉིན་བཅུ་བདུན་རིང་རྩེད་འགྲན་ཁྲོད་ནས་ཨ་རི་ཡི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༤༠་དང་དངུལ་གྱི་རྟགས་མ་༤༤། ཟངས་ཀྱི་རྟགས་མ་༤༢་བཅས་ཁྱོན་རྟགས་མ་༡༢༦་བླངས་ནས་ཨང་དང་པོ་ཐོབ་འདུག རྒྱ་ནག་གི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༤༠་དང་དངུལ་གྱི་རྟགས་མ་༢༧། ཟངས་ཀྱི་རྟགས་མ་༢༤་བཅས་ཁྱོན་བསྡོམས་རྟགས་མ་༩༡་བླངས་ནས་ཨང་གཉིས་པ་ཐོབ་འདུག ཉི་ཧོང་གི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༢༠་དང་དངུལ་གྱི་རྟགས་མ་༡༢ དང་ཟངས་ཀྱི་རྟགས་མ་༡༣་བཅས་ཁྱོན་རྟགས་མ་༤༥་བླངས་ནས་ཨང་གསུམ་པ་ཐོབ་འདུག
ཨོ་སི་ཁྲུ་ལི་ཡའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༨་དང་དངུལ་གྱི་རྟགས་མ་༡༩། ཟངས་ཀྱི་རྟགས་མ་༡༦་བཅས་ཁྱོན་རྟགས་མ་༥༣་བླངས་ནས་ཨང་བཞི་པ་ཐོབ་འདུག ཧྥ་རན་སིའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༦་དང་དངུལ་གྱི་རྟགས་མ་༢༦། ཟངས་ཀྱི་རྟགས་མ་༢༢་བཅས་ཁྱོན་རྟགས་མ་༦༤་བླངས་ནས་ཨང་ལྔ་པ་ཐོབ་འདུག ནེ་རྡར་ལན་ཌིའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༥་དང་དངུལ་གྱི་རྟགས་མ་༧། ཟངས་ཀྱི་རྟགས་མ་༡༢་བཅས་ཁྱོན་རྟགས་མ་༣༤་བླངས་ནས་ཨང་དྲུག་པ་ཐོབ་འདུག དབྱིན་ལན་གྱི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༤་དང་དངུལ་གྱི་རྟགས་མ་༢༢། ཟངས་ཀྱི་རྟགས་མ་༢༩་བཅས་ཁྱོན་རྟགས་མ་༦༥་བླངས་ནས་ཨང་བདུན་པ་ཐོབ་འདུག ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༣་དང་དངུལ་གྱི་རྟགས་མ་༩། ཟངས་ཀྱི་རྟགས་མ་༡༠་བཅས་ཁྱོན་རྟགས་མ་༣༢་བླངས་ནས་ཨང་བརྒྱད་པ་ཐོབ་འདུག ཨེ་ཊ་ལིའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༢་དང་དངུལ་གྱི་རྟགས་མ་༡༣། ཟངས་ཀྱི་རྟགས་མ་༡༥་བཅས་ཁྱོན་རྟགས་མ་༤༠་བླངས་ནས་ཨང་དགུ་བ་ཐོབ་འདུག འཇར་མི་ནིའི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་༡༢་དང་དངུལ་གྱི་རྟགས་མ་༡༣། ཟངས་ཀྱི་རྟགས་མ་༠༨་བཅས་ཁྱོན་རྟགས་མ་༣༣་བླངས་ནས་ཨང་བཅུ་པ་ཐོབ་འདུགགཞན་ཡང་། རྒྱ་གར་ནི་ཨང་བདུན་ཅུ་དོན་གཅིག་པ་དེ་ཡིན་འདུག རྒྱ་གར་གྱི་རྩེད་འགྲན་པས་དངུལ་གྱི་རྟགས་མ་༡་དང་ཟངས་ཀྱི་རྟགས་མ་༤་བཅས་ཁྱོན་རྟགས་མ་༥་བླངས་འདུག
རྒྱ་ནག་ནས་རྩེད་འགྲན་པ་༣༨༨་ཡོད་པའི་ཁྲོད་ནས་བོད་མི་ཆོས་དབྱངས་སྐྱིད་འཛུལ་ཞུགས་བྱས་ཡོད། ཁོང་མོར་བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་སོང་། ཐེངས་འདིར་ཆོས་དབྱངས་སྐྱིད་ལགས་གོམ་བགྲོད་འགྲན་བསྡུར་ཁྲོད་ནས་ཨང་བཅུ་བཞི་བླངས་འདུག ཁོང་མོ་ཕྱི་ལོ་༢༠༡༢་ལོར་དབྱིན་ཡུལ་དུ་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་ནས་གསེར་གྱི་རྟགས་མ་བླངས་མྱོང་ཡོད།