20
Sat, Apr

༢༠༢༡ལོའི་ཟླ་༢་ཚེས་༢༦ཉིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནས་ཨོ་གླིང་གྲོང་ཁྱེར་སི་ཌི་ནེ་ཡོད་པའི་རྒྱ་དམར་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ། པར། བསྟན་འཛིན་ནོར་རྒྱལ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༡ལོའི་ཟླ་༢ཚེས་༢༦ཉིན་སྔ་དྲོའི་ཚོུད་༡༡ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནས་ཨོ་གླིང་གྲོང་ཁྱེར་སི་ཌི་ནེ་ཡོད་པའི་རྒྱ་དམར་གཞུང་ཚབ་མདུན་དུ། བོད་དོན་ལས་འགུལ་ཐེངས་བཞི་པ་དེ་སྤེལ་གནང་སོང༌།

ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། རྒྱ་དམར་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་བསྟན་འཛིན་ཉི་མ་ལགས་དང་། དཀོན་མཆོག་སྦྱིན་པ་ལགས་གཉིས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས། ཉེ་ཆར་ཁོང་རྣམ་གཉིས་ལྐོག་གསོད་བཏང་ཡོད་པས་རྒྱལ་གཅེས་དཔའ་བོ་ཁོང་རྣམ་གཉིས་ཀྱི་སྐུ་སྲོག་ཤོར་བར་མྱ་ངན་གུས་བཏུད་དང་། ཁོང་རྣམ་གཉིས་ནས་བོད་དང་བོད་མིའི་ཆེད་དུ་ལུས་སྲོག་བློས་གཏོང་གནང་བར་རྗེས་དྲན་ཞུ་རྒྱུ་ཆེད་དང་།

རྒྱ་དམར་གཞུང་གིས་བོད་ནང་དུ་ཆབ་སྲིད་བཙོན་པ་རྣམས་ལ་མུ་མཐུད་རྡུང་རྡེག་དང་སྡུག་སྦྱོང་མནར་ཚད་ལས་བརྒལ་བ་བཏང་ནས། ཁོང་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མུ་མཐུད་ལྐོག་གསོད་བཏང་དང་གཏོང་བཞིན་པ་དེ་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས། དཔེར་ན། རྒྱ་གཞུང་གིས་༸པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག མཁས་དབང་འཇིགས་མེད་ཕུན་ཚོགས་མཆོག་སོགས་བཙོན་པ་ཧ་ཅང་མང་པོ་དམར་གསོད་བཏང་ཡོད།

བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་དྲག་རྩུབ་དང་བཙན་ཤེད་ཀྱི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་ཆེད་དུ་ཞི་རྒོལ་གྱི་ལས་འགུལ་འདི་སྤེལ་བ་ཞིག་ཡིན་ལ། ཡང་སྒོས་བོད་ནང་དུ་ཛ་དྲག་གི་གནས་སྟངས་འདི་འདྲ་ཆགས་དུས། རང་ཉིད་ངོས་ནས་ལས་འགུལ་འདི་འདྲ་མི་སྤེལ་ཐབས་མེད་ཅིག་ཆགས་སོང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་གྱིས་ཞི་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་དང་རང་དབང་ཆེན་པོ་ཡོད་པ་དེ་དག་བེད་སྤྱོད་བཏང་ནས་ལས་འགུལ་མང་ཙམ་སྤེལ་རོགས་ཞུ་རྒྱུ་ཡིན། ཞེས་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ལ་འགྲེལ་བརྗོད་གནང་གནང་སོང་བ་བཅས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།