18
Thu, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༡༨་ཉིན། ༸གོང་ས་མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་(Shri Bandaru Dattatreya) མཆོག་རྣམ་གཉིས། པར། བཀའ་སློབ་ལམ་སྟོན།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡༡་ཚེས་༡༨་ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་བྷན་ཌ་རུ་བྷ་ཊ་ཏི་རེ་ཡ་(Shri Bandaru Dattatreya) མཆོག་ཆེད་བཅར་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག དེའི་སྐབས། ༸གོང་ས་མཆོག་གིས་རྒྱ་ནག་དམར་ཤོག་གི་ཡུན་ཚད་ལས་ངོས་ཀྱི་ཚེ་རིང་བ་ཞིག་ཡོང་རྒྱུ་རེད་བསམ་པ་སྐབས་རེ་དྲན་བཞིན་ཡོད། རྒྱ་ནག་ནང་དུ་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་པར་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད་ཅེས་བཀའ་སློབ་སྩལ་འདུག

དེ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་སྐུ་ཚབ་རྣམ་པར་ཁོང་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་ཐོག་ཐུགས་བརྩོན་ཇི་ལྟར་མཛད་བཞིན་པ་ངོ་སྤྲོད་མཛད་པ་དང་། ལྷག་པར་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་། ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སྐོར་དེང་སྐབས་དུས་རབས་ ༢༡ ནང་དུའང་ཚན་རིག་པས་ཀྱང་དོ་སྣང་ཧ་ཅང་བྱེད་བཞིན་པ་དང་། རིག་གནས་དེ་དག་གིས་མིའི་བསམ་བློར་ཞི་བདེ་བསྐྲུན་རྒྱུར་ཕན་རླབས་ཧ་ཅང་ཡོད་སྟབས། མགོན་པོ་གང་ཉིད་ཀྱིས་དེང་སྐབས་རིག་གནས་དེ་དག་རྒྱ་གར་ནང་དུ་སླར་གསོ་ཡོང་ཐབས་མཛད་བཞིན་པའི་སྐོར་བཀའ་སློབ་སྩལ་ཡོད་འདུག

དེ་ནས་མགོན་པོ་གང་ཉིད་ཀྱིས་ཉེ་ལམ་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་ཌི་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་རྒྱ་གར་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཞི་བདེའི་ས་ཁུལ་ཞིག་ཡིན་སྐོར། གཞན་ཡང་། དེང་སྐབས་རྒྱ་ནག་ནང་དུ་འགྱུར་བ་ཧ་ཅང་འགྲོ་བཞིན་ཡོད་པ་དང་། ལྷག་པར་རྒྱ་རིགས་ནང་པའི་གྲངས་འབོར་ལ་མཚོན་ན་རྒྱ་ནག་གི་ཉམས་ཞིབ་པ་ཁག་གཅིག་གིས་དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་སྐོར་བརྗོད་ཀྱི་འདུག་ཅེས་དང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དམར་ཤོག་གི་ཡུན་ཚད་ལས་ངོས་ཀྱི་ཚེ་རིང་བ་ཞིག་ཡོང་རྒྱུ་རེད་བསམ་པ་སྐབས་རེ་དྲན་བཞིན་ཡོད། རྒྱ་ནག་ནང་དུ་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་པ་ཐུགས་གདེང་སྤོབས་བརྒྱ་ཆ་བརྒྱ་ནས་བརྒྱ་ཡོད་སྐོར་སོགས་བཀའ་སློབ་སྩལ་འདུག

བཀའ་སློབ་ལམ་སྟོན་ལས་བླངས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།