24
Wed, Apr

༢༠༡༩་ལོའི་ཟླ་༡༠་ཚེས་༡༡་ཉིན། རྒྱ་གར་ལྷོ་ཕྱོགས་ཅེན་ནེར་གྲོང་ཁྱེར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་བོད་པའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བྱས། པར། གཞོན་ནུ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༡་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ལྷོ་ཕྱོགས་མངའ་སྡེའི་ཏ་མིལ་ན་ཌོ་(Tamil Nadu)ནང་གི་ཅེན་ནེར(Chennai)་གྲོང་ཁྱེར་མ་མ་ལ་པོ་རམ( Mamallapuram)་ལ་སྐོར་བསྐྱོད་སླེབས་ཉེ་བར།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཅེན་ནེར་རྒྱལ་སྤྱིའི་གནམ་ཐང་དང་། རྒྱ་གར་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་གྲོལ་མོལ་བྱེད་སའི་ས་གནས་བཅས་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག

དེ་ཡང་། གོང་ཚེས་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ལྷོ་ཕྱོགས་མངའ་སྡེའི་ཏ་མིལ་ན་ཌོ་(Tamil Nadu)ནང་གི་ཅེན་ནེར(Chennai)་གྲོང་ཁྱེར་མ་མ་ལ་པོ་རམ( Mamallapuram)་ལ་སྐོར་བསྐྱོད་སླེབས་ཉེ་བར། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་དང་ས་གནས་གཞོན་ནུ་སློབ་ཕྲུག་༡༡་ཞིག་གིས། རྒྱ་གར་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་གྲོལ་མོལ་བྱེད་སའི་ས་གནས་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས། རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ལས་འགུལ་བ་༥་གྷུ་ཌི་(Guidy Police station)ཉེན་རྟོག་ཁང་དུ་བཀག་ཉར་བྱས་འདུག

དེ་བཞིན། རྒྱ་གར་ལྷོ་ཕྱོགས་ཅེན་ནེར་རྒྱལ་སྤྱིའི་གནམ་ཐང་ལ་རོ་ཧེ་ནེའི་གཞོན་ནུ་ལས་འགུལ་བ་གསུམ་གྱིས། ཞི་ཅིང་ཕིང་། བོད་དབང་བསྒྱུར་བྱེད་རྒྱུར་མཚམས་འཇོག་དགོས། བོད་རང་དབང་དགོས་ཞེས་བྲིས་པའི་འཕྲེད་དར་འཁྱེར་ནས་ཞི་ཅིང་ཕིང་ལ་ངོ་རྒོལ་བྱས་འདུག 

ཁ་སང་། གཞོན་ནུ་ལྷན་ཚོགས་ཀྱི་ལུས་འགུལ་བ་ཁག་ཅིག་གིས་རྒྱ་གར་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱིས་གྲོལ་མོལ་བྱེད་སའི་ས་གནས་ལ་འཕྲེད་དར་ཐོག་བོད་ལ་རང་དབང་དགོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་འབར་བཞིན་ཡོད་ཅེས་ངོ་རྒོལ་བྱེད་སྐབས། རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༡་ནས་༡༢་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་གྱི་མངའ་སྡེའི་ཏ་མིལ་ན་ཌོ་(Tamil Nadu)ནང་གི་ཅེན་ནེར(Chennai)་ནང་དུ། གཞུང་འབྲེལ་མིན་པའི་སྐོར་བསྐྱོད་སླེབས་ཀྱི་ཡོད་པ་དང་། དེའི་སྐབས་སུ། འགོ་ཁྲིད་གཉིས་ཀས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཐོག་བགྲོ་གླེང་བྱ་རྒྱུ་མ་གཏོགས། དམིགས་བསལ་གྲོས་ཆོད་འཇོག་རྒྱུ་མིན་པར་རྒྱ་གར་གྱི་ཕྱི་སྲིད་བློན་གྱིས་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།