19
Fri, Apr

རྒྱ་ནག་གིས་༢༠༢༠་ལ་མིའི་བཟོས་ཟླ་བ་ཞིག་ནམ་མཁར་གཏོང་འཆར་ཡོད་པ།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

རྒྱ་ནག་གི་ཚན་རིག་པས་༢༠༢༠ལོའི་ནང་དུ་ནམ་མཁའ་ལ་མིས་བཟོས་ཟླ་བ་ཞིག་གཏོང་འཆར་ཡོད་པའི་སྐོར་ལ་གསར་འགྱུར་ཐོན་ཡོད་པ་དང་། དེ་ཡང་ཉེ་ཆར་རྒྱ་ནག་གི་ཚན་རིག་པས་བརྗོད་གསལ་ལྟར་ན། རྒྱ་ནག་སི་ཁྲོན་ཁྲིན་ཏུའི་ནམ་མཁའ་ལ་མཚན་མོར་འོད་ལྷང་ལྷང་ཤར་བའི་མིས་བཟོས་ཟླ་བ་ཞིག་༢༠༢༠་ལོ་ལ་གཏོང་ཐུབ་པའི་འཆར་གཞི་ཡོད་སྐོར་བཀོད་འདུག

མིས་བཟོས་ཟླ་བ་དེ་ནི་ཟླ་བ་དངོས་ལས་ལྡབ་བརྒྱད་ཀྱི་འོད་ཆེ་བ་ཡོད་སྐོར་དང་། ཟླ་བ་དེས་ཁྲིན་ཏུ་གྲོང་ཁྱེར་གྱི་མཚན་མོའི་སྲང་ལམ་གྱི་གློག་འོད་ཚབ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཐིན་ཧྥུ་གསར་ལས་ཚན་རིག་ཚོགས་པའི་འགན་འཛིན་བོ་ཁྲུན་ཧྥུང་གིས་བརྗོད་འདུག མིས་བཟོས་ཟླ་བ་དེར་ཟླ་བ་དངོས་ལས་འོད་ཧ་ཅང་ཆེན་པོ་ཞིག་མེད་རུང་། དེ་ནི་སྲང་ལམ་གློག་འོད་ཀྱི་ལྔ་ཆ་གཅིག་ཡིན་པ་དང་མིའི་མིག་ནང་དུ་འོད་ཆེན་པོ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ནམ་མཁའ་ལ་མིས་བཟོས་ཟླ་བ་དང་སྐར་མ་གཏོང་ཐབས་བྱེད་མཁན་ནི་རྒྱ་ནག་གཅིག་པོ་མིན་པ། ༡༩༩༠ལོའི་ནང་དུ་ཨ་རུ་སུ་ཡིས་གོ་ལའི་རྒྱུ་ལམ་གྱི་མེ་ལོང་ཞིག་ནམ་མཁར་གཏོང་ཐབས་བྱས་ཡོད་རུང་ལེགས་གྲུབ་བྱུང་མེད་པ་དང་། དེ་བཞིན་ཨ་རིས་མིས་བཟོས་སྐར་མ་ཞིག་ནམ་མཁའ་ལ་བཏང་ཡོད་རུང་། སྐར་མ་དེའི་ནང་ས་གོ་ལར་གནོད་པའི་འབགས་བཙོག་ཡོད་སྐོར་བརྗོད་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།