23
Tue, Apr

ནོར་གནག་གྲངས་འབོར།

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

ནོར་གནག་གི་རྒྱུད་རྐྱང་བའི་གྲངས་འབོར་ཇེ་ཉུང་དུ་སོང་ཡོད་ཟེར།

དེ་ཡང་བོད་མདོ་དབུས་མཐོ་སྒང་དུ་ནོར་གནག་གི་གྲངས་འབོར་ག་ཚོད་ཡོད་པའི་སྐོར་བོད་རང་གི་ལོ་རྒྱུས་དང་ཡིག་ཚགས་གང་ནས་ཀྱང་མ་རྙེད། ༢༠༠༠ལོའི་ཟླ༨་པར་པར་གཞི་དང་པོ་པར་ཐེངས་དང་པོ་བཏབ་པའི་པེན་ཀྲེང་ཁུན་དང་། བློ་དགའ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་འབྲི་གཡག་རིག་པ》ཞེས་པའི་ནང་འཁོད་པ་ལྟར་ན། ༡༩༨༠་ནས་༡༩༨༣་ལོའི་བར་བསྡོམས་རྩིས་བྱས་པར་ནོར་གནག་བྱེ་བ༡་་དང་ས་ཡ་༤་ཙམ་གྱིས་གྲངས་ཚོད་ལོན་ཡོད། དེའི་ནང་མཚོ་སྔོན་གྱི་ས་ཁོངས་སུ་ནོར་གནག་ས་ཡ་༤་དང་། འབུམ་༩་ཡོད་པ། ནོར་གནག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་༣༧་༧་ཟིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་ནོར་གནག་ས་ཡ་༣་དང་། འབུམ་༩་ཡོད་པ། ནོར་གནག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་༣༠་ཟིན་ཡོད།

 དེ་བཞིན་སི་ཁྲོན་གྱི་ས་ཁོངས་སུ་ནོར་གནག་ས་ཡ་༣་དང་། འབུམ་༡་ཡོད་པ་པ། ནོར་གནག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་༢༣.༤་ཟིན་ཡོད། ཀན་སུའུ་ས་ཁོངས་སུ་ནོར་གནག་འབུམ་༨་དང་། ཁྲི་༧། སྟོང་༧། ༥་བརྒྱ་ཡོད་པ། ནོར་གནག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་༦་༧་ཟིན་ཡོད། ཤིན་ཅང་ལ་ནོར་གནག་འབུམ་༡་དང་། ཁྲི་༧་ཡོད་པ། ནོར་གནག་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་༡་༣་ཟིན། ཡུན་ནན་ལ་ནོར་གནག་ཁྲི་༥་ཡོད་པ། ནོར་གནག་སྤྱིའི་གྲངས་འབོད་གྱི་བརྒྱ་ཆའི༠་༤ཟིན་ཡོད་པ་རེད།

 མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་རྩ་འཛུགས་པུའུ་ནས་བསྒྲིགས་པའི《ནོར་གནག》ཅེས་པའི་དཔེ་དེབ་ཏུ་ཐོ་འགོད་བྱས་པར། མིག་སྔར་ཚོད་རྩིས་བྱས་པའི་ནོར་གནག་གི་གྲངས་འབོར་བྱེ་བ་༡་དང་ས་ཡ་༤་ འབུམ་༢་ཡོད་པ་ལས། བྱེ་བ་༡་དང་། ས་ཡ་༣་ འབུམ་༣་ཀྲུང་གོའི་ནུབ་བྱང་དུ་ཡོད། འབུམ་༦་སོག་ཡུལ་དང་ཧི་མ་ལའི་རི་རྒྱུད་རྒྱལ་ཁབ་གཞན་གྱི་ས་ཁོངས་སུ་ཡོད་པར་བཤད་འདུག འབྲོག་ལས་ཀྱི་མི་གྲངས་འཕར་བས་ནོར་གནག་གི་རྒྱུད་དང་གྲངས་འབོར་ལའང་འགྱུར་བ་ཐེབས་ཡོད་པར་བཤད་ལ། ནོར་གནག་དང་ཨོ་གླིང་གི་ཟོག་རྒྱུད་འདྲེས་ཡོད་པས། ནོར་གནག་གི་རྒྱུད་རྐྱང་བའི་གྲངས་འབོར་ཇེ་ཉུང་དུ་སོང་ཡོད་ཟེར།

བོད་ཀྱི་ལོ་རྒྱུས་ཡིག་ཆ།