13
Thu, Jun

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ ༥ ཚེས་༢༩་སྤེལ། འདི་ལོ་རྒྱ་གར་གྱི་ལོ་རྒྱུས་ནང་དུ་དྲོད་ཚད་ཆེས་མཐོ་ཤོས་དེ་སླེབས་ཡོད་ཅིང་། འཛམ་གླིང་གི་ལོ་རྒྱུས་ནང་དུ་དྲོད་ཚད་ཆེས་མཐོ་ཤོས་གཉིས་པ་དེ་ཆགས་ཡོད་འདུག དྲོད་ཚད་ཆེ་ཤོས་དང་པོ་དེ་ཕྱི་ལོ་༡༩༡༣་ལོར་ཨ་རིར་སླེབས་ཡོད་འདུག ལྡི་ལིའི་མི་རྣམས་ལ་ཚ་དྲོད་ཆེ་བའི་དཀའ་ངལ་དང་ཆུ་གློག་བེད་སྤྱོད་མང་ཤོས་གཏོང་བའི་ཉིན་ཞིག་ཆགས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༩ ཉིན་གྱི་ཉིན་དགུང་ཆུ་ཚོད་༢།༣༠ ཐོག རྒྱ་གར་རྒྱལ་ས་ལྡི་ལིར་དྲོད་ཚད་༥༢།༣ སླེབས་ནས་རྒྱ་གར་གྱི་ལོ་རྒྱུས་ནང་དུ་ཚ་བ་ཆེས་ཆེ་ཤོས་དང་འཛམ་གླིང་གི་ལོ་རྒྱུས་ནང་དུ་དྲོད་ཚད་མཐོ་ཤོས་གཉིས་པ་དེ་ཆགས་ཡོད་འདུག ས་གོ་ལའི་ཐོག་དྲོད་ཚད་ཆེས་མཐོ་ཤོས་དེ་ཕྱི་ལོ་༡༩༡༣་ལོར་ཨ་རིའི་མངའ་སྡེ་ཁེ་ལེ་ཧྥོར་ནི་ཡར་སླེབས་ཡོད་ཅིང་དེ་ནི་དྲོད་ཚད་༥༦།༧ ཡིན་འདུག

རྒྱ་གར་གྱི་གནམ་གཤིས་བརྟག་དཔྱད་རིག་པའི་སྡེ་ཚན་ནས་འགྲེལ་བརྗོད་བྱས་པར་ལྟར་ན། ལྡི་ལིར་ཚ་བ་ཆེན་པོ་དེ་འདྲ་སླེབས་དོན་ནི་ལྡི་ལིའི་ཉེ་འགྲམ་སུ་ཡོད་པའི་མངའ་སྡེ་རཱ་ཇི་སི་ཐན་(Rajasthan) ནས་ཚ་རླུང་སླེབས་པའི་རྐྱེན་དང་། དེ་བཞིན་ལྡི་ལིར་རླུང་འཁོར་མང་བའི་རྐྱེན། ཁང་བརྩེགས་མཐོ་བའི་རྐྱེན་སོགས་ཡིན་སྐོར་བརྗོད་འདུག

སྤྱིར་ལོ་རྟག་ཟླ་བའི་༥་དང་༦་པའི་ནང་དུ་ལྡི་ལིར་ཚ་དྲོད་ཆེན་པོ་སླེབས་ཀྱི་ཡོད་པར་བརྟེན། ལོ་རྟག་སློབ་ཆེན་དང་སློབ་གྲྭ་རྣམས་གུང་གསེང་གཏོང་གི་ཡོད། འོན་ཀྱང་། འདི་ལོ་དེ་སྔ་ནས་ལྡི་ལི་གཞུང་གིས་ཚ་དྲོད་འཕེལ་བའི་ཉེན་ཁ་ཡོད་རྐྱེན་སློབ་གྲྭ་ཁག་རྣམས་གུང་གསེང་ཟླ་ལྔ་པའི་ཚེས་༡༡་ནས་དྲུག་པའི་ཚེས་༣༠་བར་གུང་གསེང་གཏོང་བའི་བཀའ་རྒྱ་བཏང་འདུག

དེ་བཞིན་ལྡི་ལི་གཞུང་གིས་ཚ་དྲོད་རྐྱེན་གྱིས་མི་རྣམས་ཆུ་དང་གློག་དཀའ་ངལ་འཕྲད་སྲིད་པའི་སེམས་འཚབ་བྱེད་བཞིན་པ་མ་ཟད། ཚ་དྲོད་ཆེ་བའི་རྐྱེན་གྱིས་མི་རྣམས་ཀྱི་གཟུགས་པོར་ཆུ་མ་འདང་དབང་གིས་དྲན་མེད་བརྒྱལ་བ་དང་། གཟུགས་པོ་འདར་བ། ཚ་དྲོད་ཆེ་བའ་རྐྱེན་གྱིས་ན་ཚ་བྱུང་བའི་མི་རྣམས་སྨན་ཁང་དུ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།