25
Mon, Oct

བསྟན་འཛིན་འཛོམས་སྐྱིད་ལགས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༢༠ཉིན་སྤེལ། ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་མཛངས་མའི་འགྲན་བསྡུར་གྱི་ཁྲོད། བོད་པའི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་ཨང་དང་པོ་ཐོབ་འདུག

དེ་ཡང་། ཟླ་འདིའི་ཚེས་༡༨ཉིན་སྦེལ་ཇམ་མཛངས་མ་ཚོགས་པས་གོ་སྒྲིག་བྱས་པའི་ཉིས་སྟོང་ཉེར་གཅིག་གི་སྦེལ་ཇམ་རྒྱལ་ཡོངས་མཛངས་མའི་འགྲན་བསྡུར་གྱི་ལས་རིམ་མཐའ་མའི་ཁྲོད། བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་ཨང་དང་པོ་སྟེ། སྦེལ་ཇམ་མཛངས་མའི་དབུ་རྒྱན་ཐོབ་འདུག གོ་སྒྲིག་ཚོགས་པ་དེའི་འཆར་གཞི་ལྟར་ན། ཁོ་མོས་སྦེལ་ཇམ་གྱི་ངོ་ཚབ་བྱས་ནས་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད་འདུག

བུ་མོ་བསྟན་འཛིན་འཛོམས་སྐྱིད་ནི། རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། ལོ་ཆུང་གི་སྐབས་ནས་སྦེལ་ཇམ་དུ་གནས་སྤོ་བྱས་འདུག ད་ལྟ་རང་ལོ་ཉི་ཤུར་སོན་ཡོད་པ་དང་། སྐད་རིགས་བོད་སྐད་དང་། ཊ་ཆི། དབྱིན་སྐད་བཅས་ལེགས་པར་བཤད་ཤེས་པར་མ་ཟད། ཧིན་སྐད་དང་། ཧྥ་རན་སའི་སྐད། འཇར་མན་གྱི་སྐད་བཅས་ནས་ཀྱང་གོ་བརྡ་འཕྲོད་ཐུབ་ཀྱི་ཡོད་འདུག ཁོ་མོ་སྦེལ་ཇམ་གྱི་ཚབ་བྱས་ནས་མཛངས་མའི་འགྲན་སྡུར་མང་པོར་ཞུགས་མྱོང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།