25
Thu, Apr

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༥ཉིན། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་སྲིད་བློན་རྣམ་པ་སོགས། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༧་ཉིན་སྤེལ། ཉེ་ཆར་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་ཏོག་དབྱིབས་གཉན་རིམས་དང་། གནམ་གཤིས་འགྱུར་ལྡོག འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་ཀྱི་ཐད་ཚོགས་འདུ་ཚོགས་ཡོད་པ་དང་། སྐབས་དེར། རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག

དེ་ཡང་། ཟླ་འདིའི་ཚེས་༥ཉིན། སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་། དབྱིན་ཡུལ། ཉི་ཧོང་། ཧྥ་རིན་སི། ཁཱ་ན་ཌ། ཇར་མི་ནི། ཨི་ཊར་ལི་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་མཇལ་འཕྲད་གནང་ནས། རྒྱལ་སྤྱིའི་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་དང་། གནམ་གཤིས་འགྱུར་ལྡོག་སྐོར། ཏོག་དབྱིབས་གཉན་རིམས་སྐོར། དཔལ་འབྱོར་གྱི་སྲིད་བྱུས་སྐོར་སོགས་ཀྱི་ཐད་ཚོགས་འདུ་དང་བགྲོ་གླེང་གནང་ཡོད་འདུག དེའི་ནང་དུ་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་འཛུལ་ཞུགས་བྱས་ཡོད་པ་དང་། རྒྱ་གར་དང་། ལྷོ་ཀོ་རི་ཡ། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་བཅས་མགྲོན་པོ་གནང་འདུག

ཚོགས་འདུ་དེ་གྲོལ་རྗེས། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཐུན་མོང་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་དུ་ཨུ་རུ་སུ་དང་། རྒྱ་ནག ཡུ་ཁི་རིན། བྷེ་ལཱ་རུས་སོགས་སུ་འགྲོ་བ་མིའི་ཐོང་ཐོབ་གནས་སྟངས་སྐྱོ་བོ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར། དེ་བཞིན་མི་མང་གི་གཞི་རྩའི་རང་དབང་སོགས་ལ་ཆེ་མཐོང་སྤྲོད་དགོས་པའི་སྐུལ་མ་བཏང་འདུག

བསྒྲགས་གཏམ་དེའི་ནང་དུ་། རྒྱ་གཞུང་གིས་བོད་དང་ཡུ་གུར་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སེམས་འཁུར་ཡོད་པ་དང་། གཞི་རྩའི་རང་དབང་དང་ཐོབ་ཐང་དེ་དག་ལ་བརྩི་མཐོང་བྱེད་དགོས་པའི་སྐུལ་མ་བཏང་འདུག ཡུ་གུར་ནང་དུ་དངོས་ཡོད་གནས་ཚུལ་བརྟག་དཔྱད་ཆེད་རང་དབང་ལྡན་པའི་ཚོགས་སྡེ་ཁག་གཏོང་དགོས་པའི་དགོས་འདུན་བཏོན་འདུག

ད་དུང་དེའི་ནང་དུ། ཧོང་ཀོང་ནང་དུ་མི་མང་ལ་རང་དབང་ལོངས་སུ་སྤྱོད་བཅུག་དགོས་པ་དང་། མང་གཙོ་དང་རང་དབང་ཆེད་འཐབ་རྩོད་བྱེད་མཁན་རྣམས་སྡུག་སྦྱོར་བྱེད་པ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག གཞན་ཡང་། རྒྱ་ནག་གིས་ཚོང་འབྲེལ་ཐོག་ནས་དྲང་བདེན་བྱེད་དགོས་པ་དང་། དྲ་འབྲེལ་ཁོར་ཡུག་ལ་འགན་ཁུར་དགོས་པ། ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནང་དུ་བཅུག་དགོས་པའི་སྐོར་སོགས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།