25
Thu, Apr

༢༠༢༠་ལོའི་ཟླ་༧་ཚེས་༤ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༤་ཉིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་ཉིན། ༸གོང་ས་མཆོག་གིས་སྡུག་བསྔལ་མེད་པར་བཟོ་ཐབས་ནི་སྡུག་བསྔལ་གྱི་རྒྱུ་མེད་པར་བཟོ་ཐུབ་མིན་ལ་རག་ལས་ཡོད། ཀུན་འབྱུང་ལ་དཔྱད་དུས་མ་རིག་པ་ཐུག་ཡོད། གཞུང་ཆེན་པོའི་ཁག་ཏུ་མ་རིག་པ་སོགས་ཀྱི་སྐོར་ཟབ་ཅིང་རྒྱས་པ་ཡོད། དེར་བརྟེན། གཞུང་འདི་ཚོ་ལྟ་ཐུབ་པ་བྱེད་དགོས་པར་གལ་ཆེན་པོ་རེད། ཅེས་བཀའ་བསྩལ།

དེ་ཡང་། དུས་དྲན་མཛད་སྒོ་ནི་རྒྱལ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། དེའི་ཐོག རྒྱ་གར་གྱི་སྲིད་འཛིན་རམ་ཎ་ཐི-ཀོ་ཝིན(Ram Nath Kovind)མཆོག་དང་། གྲངས་ཉུང་མི་རིགས་ལས་དོན་གྱི་བློན་ཆེན་ཀི་རིན-རི་ཇི་ཇོ(Kiren Rijiju)མཆོག་སོགས་ཕེབས་ནས་གསུང་བཤད་གནང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ཐུང་བརྒྱུད་ནས་བཀའ་སློབ་གནང་ཡོད་འདུག དེ་བཞིན། རྒྱ་གར་གྱི་སྲིད་བློན་མོ་ཌི་མཆོག་གིས་ཀྱང་བརྙན་ཐུང་བརྒྱུད་ནས་གསུང་བཤད་གནང་འདུག གཞན་ཡང་། ནང་པའི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་བླ་ཆེན་མང་པོས་ཡིག་ངག་གཉིས་ཐོག་ནས་གསུང་བཤད་གནང་འདུག

དེ་ནས། བརྙན་ཐུང་བརྒྱུད་ནས་༸གོང་ས་མཆོག་གིས་གསུང་དོན། དེ་རིང་རྒྱ་གར་ནང་པའི་ཆོས་ཚོགས་ངོས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སི་ནས་ཆོས་འཁོར་དང་པོ་བསྐོར་བའི་དུས་དྲན་ཉིན་སྲུང་བརྩི་ཞུ་ཡི་ཡོད་པ་རེད། ཞེ་དྲག་ཡག་པོ་རེད། བཅོམ་ལྡན་འདས་སངས་རྒྱས་ནས་ཞག་པོ་བཞི་བཅུ་ཞེ་གྲངས་རིང་གསུང་ཆོས་གནང་མེད། དེའི་རྒྱུ་མཚན་ནི། དེའི་སྐབས་སུ། རྒྱ་གར་ལ་ཡོངས་སུ་གྲགས་པའི་ཆོས་བརྒྱུད་མང་པོ་ཞིག་དང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད། འོན་ཀྱང་། སངས་རྒྱས་ཀྱི་ཆོས་ནི་ཆོས་དེ་དག་དང་མི་འདྲ་ཞིག་ཆགས་ཡོང་དུས། རེ་ཞིག་གསུང་ཆོས་གནང་གི་མིན། ཞེས་གསུངས་ཡོད།

དེ་ཡང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་དབུས་སུ་གནས་པར་བྱ། ། ཞེས་གསུངས།

དེའི་རྗེས། འཁོར་ལྔ་སྡེ་བཟང་པོས་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བའི་སྙན་གསེང་ཞུས། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱར་ཆོས་འཁོར་དང་པོ་སྐོར། ཆོས་འཁོར་དེ་བདེན་པ་བཞི་ལས་བརྩམས་ནས་གསུངས་འདུག
དེ་ཡང་། འདི་ནི་སྡུག་བསྔལ་བདེན་པའོ།
འདི་ནི་ཀུན་འབྱུང་བདེན་པའོ།
འདི་ནི་འགོག་པའི་བདེན་པའོ།
འདི་ནི་ལམ་བདེན་པའོ།།

དེ་ནས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། དེ་དག་ནི་བདག་མེད་པའི་སྐོར་གསུང་གི་ཡོད།

སྡུག་བསྔལ་མེད་པར་བཟོ་ཐབས་ནི་སྡུག་བསྔལ་གྱི་རྒྱུ་མེད་པར་བཟོ་ཐུབ་མིན་ལ་རག་ལས་ཡོད། ཀུན་འབྱུང་ལ་དཔྱད་དུས་མ་རིག་པར་ཐུག་ཡོད། གཞུང་ཆེན་པོའི་ཁག་ཏུ་མ་རིག་པ་སོགས་ཀྱི་སྐོར་ཟབ་ཅིང་རྒྱས་པ་ཡོད། དེར་བརྟེན། གཞུང་འདི་ཚོ་ལྟ་ཐུབ་པར་བྱེད་དགོས་པ་གལ་ཆེན་པོ་རེད། དེང་སང་ལྟ་ཚུལ་དང་རྣམ་རྟོག་འདྲ་མིན་ཡོང་བཞིན་པའི་སྐབས། གཞུང་ཆ་ཚང་ལ་ཡག་པོ་ཞིག་བལྟས་ནས་མཐར་ཚན་རིག་ལ་གཏུགས་ནས་བཤད་ཐུབ་པར་བྱེད་དགོས་པ་ཞེ་དྲག་གལ་ཆེན་པོ་རེད། བསྟན་པ་རྒྱས་པར་ཤོག་ཟེར་ནས་སྨོན་ལམ་བཏབ་ནས་ཕན་གྱི་མ་རེད། གཞུང་ལུགས་འདི་དག་ལ་སློབ་གཉེར་བྱས་ནས་བསྟན་པ་རྒྱས་པར་བྱེད་དགོས་རེད། ཅེས་སོགས་གསུངས་སོང་།

སྤྱིར་༢༠༡༡་ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་ནས་འཛམ་གླིང་ནང་པའི་ཚོགས་སྡེ་རྣམས་ཀྱི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་ནས་འཛམ་གླིང་ནང་པའི་ཚོགས་སྡེ་རྣམས་ཀྱི་མཉམ་མཐུན་སྒྲིག་འཛུགས། རྒྱལ་སྤྱིའི་ནང་པའི་སྤྱི་མཐུན་ལྷན་ཚོགས་ (International Buddhists Confederation) ཞེས་པ་ཞིག་གསར་འཛུགས་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།