19
Fri, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་༡༧ ཉིན། བཞུགས་སྒར་རྡ་ས་སྨན་རྩིས་ཁང་གི་ཚོགས་ཁང་དུ། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ༌༡༤ འཁོར་བའི་ཉིན་མོ་དང་། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ༌༡༠༥ འཁོར་བ། བྱེས་སུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཕགས་ཡུལ་རྡ་སར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་༦༠ འཁོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩:༣༠་ཐོག བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ༌༡༤ འཁོར་བའི་ཉིན་མོ་དང་། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ༌༡༠༥ འཁོར་བ། བྱེས་སུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཕགས་ཡུལ་རྡ་སར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་༦༠ འཁོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང༌། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་དགེ་སློབ་སོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག

ཐོག་མར། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ནས་སྨན་རྩིས་ཁང་གི་ལོ་རྒྱུས་སོགས་ཀྱི་སྐོར་གསུང་བཤད་གནང་སོང་། དེ་ནས་སྨན་རྩིས་ཁང་མཐོ་སློབ་སློབ་མ་རྣམས་ནས་མདོ་སྨད་བླ་བྲང་གི་སྐོར་བྲོ་དང་ལུག་རྫི་བུ་མོ་བཅས་གཞས་སྣ་ཁག་གཉིས་གཟིགས་འབུལ་ཞུས་སོང་། དེ་བཞིན་རྒྱལ་སྤྱིའི་སྨན་སློབ་རྣམས་ནས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བསྟོད་པ་སེམས་ཀྱི་མཆོད་སྤྲིན་ཞེས་སྙན་ཚིག་བསྐྱོར་སོང་། དེའི་རྗེས། དམིགས་བསལ་སྐུ་མགྲོན་མཆོག་ནས་སྨན་རྩིས་ཁང་གིས་དཔེ་དེབ་གསར་བསྐྲུན་ཞུས་པ་ཁག་ཅིག་དབུ་འབྱེད་གནང་སོང་། དེ་ནས་ ་སྨན་སློབ་སྐབས་༢༠།༢༡ དང་རྩིས་སློབ་སྐབས་༡༡ གསུམ་གྱི་ཨང་རིམ་དང་པོ་དང་། གཉིས་པ། གསུམ་པར་སོན་པའི་སློབ་མ་རྣམས་དང་། སྤྱི་ལོ་ ༢༠༢༠ ལོའི་སློབ་མ་སྤྱི་ཡོངས་བརྒྱ་ཆ་མཐོ་ཤོས། ༢༠༢༠ ལོའི་བུ་མོ་དང་བུའི་སྤྱི་ཁྱབ་རྒན་བདག་བཅས་ལ་དམིགས་བསལ་སྐུ་མགྲོན་མཆོག་ནས་བྱ་དགའ་དང་ཕྱག་འཁྱེར་གནང་རྗེས་གསུང་བཤད་གནང་སོང་།

སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་ནང་གསོ་རིག་ཐོན་དངོས་ཚོང་འགྲེམས་ཀྱི་དྲྭ་རྒྱ་དབུ་འབྱེད་དང་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང༌ ༢༠ ལོན་པ་རྣམས་གཟེངས་བསྟོད་ཕྱག་འཁྱེར་གནང་རྗེས་གསུང་བཤད་གནང་དོན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༡༤ འཁོར་གྱི་ཡོད། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད། དེ་བཞིན་འཛམ་གླིང་ནང་ཆེས་སྙན་ཆེ་བའི་གཟེངས་རྟགས་མང་དག་ཅིག་འབུལ་བཞེས་མཛད་ཡོད། ཨ་རིའི་ནང་མི་མང་ཙམ་དུ་མ་ཟད་ཆབ་སྲིད་མི་སྣས་ཀྱང་༸གོང་ས་མཆོག་གི་དགོངས་པ་བཞེས་སྟངས་དང་མཛད་པ་སྐྱོང་སྟངས་ཐོག་དགའ་གུས་དད་གསུམ་གྱི་ཐོག་ནས་འབུལ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས། དེ་རིང་དུས་དྲན་གསུམ་འཛོམས་སྲུང་བརྩི་ཞུ་བཞིན་པ་དེས་འགྲེལ་བཤད་མང་པོ་མི་དགོས་པར་༸གོང་ས་མཆོག་བོད་རིགས་ཙམ་དུ་མ་ཟད་རྒྱལ་སྤྱི་ཁྱོན་ཡོངས་ལ་བཀའ་དྲིན་ཇི་ཙམ་ཆེན་པོ་ཡིན་པ་ད་རེས་དུས་དྲན་གསུམ་གྱི་ངོ་བོ་ཐོག་ནས་བཏོན་ཐུབ་པ་ཞིག་ཆགས་ཡོད།

བཀའ་དྲིན་དེ་དག་བསམ་ཤེས་བྱས་པའི་ཐོག་ནས་རང་རེ་བོད་པའི་སྤྱི་ཚོགས་ནང་དུ་ནང་ཁུལ་བསམ་བློ་མི་མཐུན་པ་དེ་འདྲ་ཕྲན་བུ་ཡོང་སྲིད་ཀྱི་རེད། འོན་ཀྱང་རྒྱ་ཆེ་ས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཤར་བསྐྱོད་བྱས་ཏེ་འགྲོ་ཐུབ་པ་ཡིན་ན། མ་འོངས་པར་འགྱོད་པ་སྐྱེ་མི་དགོས་པ་ཞིག་ཏན་ཏན་ཡོང་གི་རེད་ཅེས་ཚིག་ཐག་ཆོད་པོའི་ཐོག་ནས་ཞུ་ཐུབ་པའི་གནས་སྟངས་ཤིག་རེད། ༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བྱས་ནས་ཤར་བསྐྱོད་བྱེད་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ཙམ་དུ་མ་ཟད། སྲི་ཞུའི་ལས་བྱེད་ཡོངས་ཀྱི་དགོངས་པ་གཅིག་གྱུར་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་མང་གཙོ་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན། མང་ཚོགས་བཅས་ནས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཤར་བསྐྱོད་བྱས་ཏེ་ཕྱིན་པ་ཡིན་ན། ཏན་ཏན་འབབ་ས་གཅིག་ལ་བབས་ཐུབ་པ་དང་སླེབ་ས་གཅིག་ལ་སླེབས་ཐུབ་ཀྱི་རེད། ཅེས་གསུངས་སོང་།

དེ་ནས་ཁོང་གིས་བོད་ཀྱི་སྨན་རྩིས་ཁང་གིས་ངོས་ནས་སྨན་སྦྱོར་དེ་དག་དེང་དུས་དང་མཐུན་པ་བཟོ་ཐུབ་མིན་དང་རྒྱལ་སྤྱིའི་ནང་དུ་ངོས་ལེན་ཡོང་མིན་ཐོག་ཤུགས་སྣོན་རྒྱག་དགོས་སྐོར་དང་། ད་བར་སྨན་རྩིས་ཁང་གི་ཆེད་དུ་སྐུ་ལས་བསྐྱོན་མཁན་རྣམས་ལ་ཐུགས་རྗེ་ཆེ་དང་། མ་འོངས་པར་ལས་དོན་ཐོག་ཕུགས་རྒྱང་རིང་པོའི་ཐོག་ནས་དགོངས་པ་བཞེས་དགོས་སྐོར་སོགས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།