25
Thu, Apr

བོད་མི་ཚོས་ཏོག་ནད་དཀའ་ངལ་ཁྲོད་ཕུན་ཚུན་ལ་རོགས་རམ་གནང་བཞིན་པའི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༥་ཚེས་༡༢་ཉིན་སྤེལ། རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱ་གར་གཙོས་འཛམ་གླིང་གང་སར་དཀའ་ངལ་ཆེས་ཆེར་སྤྲོད་བཞིན་པའི་གནས་སྐབས་འདིར། བོད་ཀྱི་འབྲས་ནད་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བླ་མ་བློ་བཟང་སོགས་ཀྱིས་བོད་མི་རྣམས་དཀའ་ངལ་འདི་ལས་གྲོལ་ཆེད་རོགས་རམ་གང་ཐུབ་གནང་བཞིན་འདུག

དེ་ཡང་། རྒྱ་གར་ནང་དུ་ཏོག་དབྱིབས་གཉན་རིམས་༡༩་པས་མི་རྒྱུ་གཉིས་ལ་དཀའ་ངལ་ཤུགས་ཆེན་སྤྲད་ནས་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིེར། བོད་ཀྱི་འབྲས་ནད་ཚོགས་པས་ལྡི་ལིར་གནས་སྡོད་བྱེད་པའི་བོད་མི་ཏོག་ནད་ཕོག་མཁན་རྣམས་ལ་སྨན་ཁང་དུ་འཁྲིད་རོགས་དང་། སྲོག་རླུང་མཐུན་སྦྱོར་སོགས་ཀྱི་ཕྱག་ལས་གནང་གི་འདུག

དེ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་ས་གཡས་གཡོན་ལ་ཏོག་ནད་སྔོན་འགོག་ཆེད་དུག་སེལ་ཆུ་གཏོར་ནས་གཙང་བཟོ་དང་། ཁ་རས་བཀྲམས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་མགྲོན་ཁང་དེ་རྡ་སའི་ཏོག་ནད་ཕོག་མཁན་རྣམས་ཀྱི་ཆེད་དུ་ཟུར་འཇོག་ཁང་བྱས་འདུག

གཞན་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡིས་རྒྱ་གར་དུ་ཡོད་པའི་བོད་མི་གནས་སྡོད་གཞིས་ཆགས་ཁག་གི་ཁྱིམ་ཚང་ཉིས་བརྒྱ་ལྷག་ལ་ཏོག་ནད་སྔོན་འགོག་དང་སྲུང་སྐྱོབ་ཆེད་དུ་སྨན་བཅོས་ཡོ་བྱེད་བགོ་འགྲེམས་བྱས་ཡོད་འདུག ད་དུང་མུ་མཐུད་ནས་བགོ་འགྲེམས་བྱ་རྒྱུ་ཡིན་པར་བརྗོད་འདུག

ད་དུང་། བླ་མ་བློ་བཟང་སྟོབས་རྒྱས་ལགས་ཀྱིས་ཕྱི་ལོ་༢༠༢༠་ནས་ཏོག་དབྱིབས་གཉན་རིམས་ཁྲོད་དཀའ་ངལ་འཕྲད་པའི་བོད་མི་དང་རྒྱ་གར་བ་མང་པོ་ཞིག་ལ་རོགས་རམ་བྱས་ཡོད། ད་ལྟར་རྒྱ་གར་ནང་དུ་སླར་ཡང་ཏོག་ནད་དཀའ་ངལ་འཕྲད་བཞིན་པའི་སྐབས་སུའང་། ཁོང་གིས་རྡ་སའི་མི་མང་ལ་ཏོག་དབྱིབས་གཉན་རིམ་སྔོན་འགོག་གི་ཡོ་བྱེད་སོགས་བགོ་འགྲེམས་བྱེད་བཞིན་པ་མ་ཟད། ནད་པའང་ལྟ་སྐྱོང་གནང་བཞིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།