16
Tue, Apr

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༡༨་ཟླ་༥ཚེས་༦ཉིན་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་འོག་ཏུ་དེབ་སྐྱེལ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ནས་རིག་གནས་རབ་འབྱམས་བསླབ་པ་མཐར་སོན་གྱི་མཛད་སྒོ་སྤེལ་ཡོད་པ་རེད།

དེ་ཡང་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་མེ་སོར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་སློབ་དཔོན་རང་གཱ་པ(Rangapa)ལགས་དང་དམིགས་བསལ་སྐུ་མགྲོན་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་གཉིས་ཕེབས་ཡོད་འདུག དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས་དང་ གཞན་ཡང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་དགེ་རྒན་རྣམ་པ། ལས་བྱེད་ཁག་ཅིག་དང་མཐོ་སློབ་ཀྱི་སློབ་མ་བཅས་ཁྱོན་མཛད་སྒོའི་ཐོག་ཏུ་དགེ་སློབ་སུམ་བརྒྱ་ལྷག་མཉམ་ཞུགས་བྱས་གནང་འདུག

སྤྱིར་ད་ཐེངས་མཐར་ཕྱིན་མཛད་སྒོར་ཞུགས་མཁན་སློབ་མ་༧༠་ཡོད་པ་དང་དེའི་ཁྲོད་ནས་སློབ་མ་༡༧ནི་བོད་ཡིག་ཆེད་སྦྱོང་རབ་འབྱམས་པ་ཡིན་པ་དང་། སློབ་མ་༡༨་ཚོང་རིག་རབ་འབྱམས་པ་ཐོན་པ་དང་སློབ་མ་༣༠ནི་འབྱུང་རིག་རབ་འབྱམས་པ་ཐོན་ཡོད་འདུག དེ་བཞིན་སློབ་མ་༣ལོ་གསུམ་རིང་བོད་ཡིག་ཆེད་སྦྱོང་རབ་འབྱམས་པ་དཀྱུས་མ་ཐོན་ཡོད་པ་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།