20
Sat, Apr

༢༠༢༠་ལོའི་ཟླ་༡༡་ཚེས་༢༧ཉིན་སྤེལ། བོད་མདོ་སྨད་རྔ་བ་ནས་ཡིན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་རྒྱ་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་མཉམ་དུ་བོད་དོན་གླེང་སློང་བྱས་པ་དང་། ཕྱི་ལོག་ནས་དཔེ་ཆ་གལ་ཆེན་མངགས་ཉོ་བྱས་ནས་བོད་ནང་གི་ས་ཆ་མང་པོར་འགྲེམས་སྤེལ་བྱས་ཡོད་པ་སོགས་ཀྱིས་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

༢༠༢༠་ལོའི་ཟླ་༡༠་ཚེས་༢༩ཉིན་སྤེལ། ཉེ་ཆར་བོད་ཁམས༌འབྲི་རུ་རྫོང་ཆགས་རྩེ་ནས་སྐྱེས་པ་བསྟན་འཛིན་ཐར་པ་དང་བུད་མེད་ལྷ་མོ་གཉིས་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་དངུལ་བཏང་བའི་ཉེས་མིང་འོག་ཏུ་འཛིན་བཟུང་བྱས་ཡོད་འདུག ལྷ་མོ་ལགས་རྒྱ་དམར་ཉེན་རྟོག་པས་མནར་གཅོད་ཚད་མེད་བཏང་བས་འདས་གྲོངས་སུ་ཕྱིན་འདུག

༢༠༢༠་ལོའི་ཟླ་༩་ཚེས་༢༢ཉིན། བོད་དབུས་གཙང་ཁུལ་དུ་རྒྱ་གཞུང་གིས་བོད་མི་འབུམ་ལྔ་བཙན་དབང་གིས་ངལ་རྩོལ་སྒྱུར་བཀོད་ཁང་ཞེས་པའི་ནང་དུ་བཏང་ནས། བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་སོགས་སྤྲད་ནས་བོད་དང་རྒྱ་ནག ཕྱི་རྒྱལ་ཁག་བཅས་ལ་ལས་ཀ་བྱེད་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱལ་ཁབ་༡༦་གི་གྲོས་ཚོགས་འཐུས་མི་༦༠་ལྷག་གིས་གནད་དོན་དེའི་ཐད་ལ་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུག

༢༠༢༠་ལོའི་ཟླ་༧་ཚེས་༡༣་ཉིན་སྤེལ། ཕྱི་ལོ་ ༡༩༩༢ ལོར་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་གྲྭ་འཕྲིན་ལས་ཆོས་ལྡན་ལགས་ལོ་ངོ་མང་པོའི་རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་འདྲ་མིན་སྣ་ཚོགས་མྱོང་བའི་རྐྱེན་གྱིས་རང་ལོ་༥༠་སྟེང་སྐུ་གྲོངས་འདུག

༢༠༢༠་ལོའི་ཟླ་༡༠་ཚེས་༡༧ཉིན། རྒྱལ་གཅེས་དཔའ་བོ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་སུད་སིའི་ས་གནས་ཊུར་བྷེན་ཐལ་ཞེས་པའི་རྒས་གསོ་ཁང་ཞིག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད་པ་དང་། བོད་མི་ཚོས་ཁོང་ལ་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་གནང་སོང་།

༢༠༢༠་ལོའི་ཟླ་༧་ཚེས་༡༤ཉིན་སྤེལ། ཉེ་ཆར་བོད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་བོད་མི་མཁའ་འགྲོ་ཚེ་བརྟན་དང་ཚེ་རྒོ་གཉིས་ཀྱིས་༸གོང་ས་མཆོག་ལ་བསྟོད་གླུ་ཕུལ་བར་བརྟེན། རྒྱ་གཞུང་གིས་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཞེས་པའི་ཉེས་མིང་བཏགས་ནས་ལོ་གསུམ་དང་ལོ་བདུན་གྱི་ཁྲིམས་ཐག་བཅད་ཡོད་འདུག

༢༠༢༠་ལོའི་ཟླ་༧་ཚེས་༨་ཉིན། རྒྱ་གཞུང་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་དྲ་རྒྱ་བརྒྱུད་ཕྱི་རྒྱལ་ཁག་ལ་མཁོ་སྤྲོད་བྱེད་མི་ཆོག་པ་དང་། རྒྱལ་སྤྱིའི་དྲ་སྦྲེལ(VPN)བེད་སྤྱོད་བྱས་ནས་ཕྱི་རྒྱལ་གྱི་གནས་ཚུལ་ལྟ་མི་ཆོག་པ་སོགས་ཀྱི་དོན་ཚན་ཉི་ཤུ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ནས་དྲ་རྒྱ་ཐོག་བཀག་སྡོམ་ཤུགས་ཆེ་རུ་བཏང་འདུག

More Articles ...

བོད་ཀྱི་ལོ་རྒྱུས་ཡིག་ཆ།