ཕྱི་ལོ་༢༠༢༡་ཟླ་༨་ཚེས་༡༩ཉིན། རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཞེས་པ་བཏང་ནས་ལོ་༧༠་འཁོར་བའི་དུས་དྲན་སྲུང་བརྩི་དེ་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དུ་བྱེད་འཆར་ཡོད་ཅིང་། མཛད་སྒོ་བདེ་བླག་ངང་སྒྲུབ་ཆེད་དུས་དྲན་སྲུང་བརྩི་བྱེད་རིང་གཞུང་ལམ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག
རྒྱ་གཞུང་གིས་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༢༡་ཟླ་༨་ཚེས་༥ཉིན་སྤེལ། ཉེ་ཆར་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་འབྱོར་འདུག འོན་ཀྱང་། ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་སོགས་ད་དུང་གསལ་ཁ་བྱུང་མི་འདུག
རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག
ཕྱི་ལོ་༢༠༢༡་ཟླ་༤་ཚེས་༥ཉིན་སྤེལ། བོད་མདོ་སྨད་རྔ་བ་ནས་ཡིན་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས། རྒྱ་གཞུང་གིས་ལོ་སྔོན་ཟླ་༡༠་ཚེས་༢༦ཉིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་འདུག བོད་ཕྱི་ནང་གཉིས་ནས་ཁོང་ལ་སེམས་ཁྲལ་དང་མྱུར་དུ་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་འདུག
འབྲི་རུ་དཀོན་མཆོག་སྦྱིན་པ་རྒྱ་གཞུང་གིས་མནར་གཅོད་ཚད་མེད་བཏང་ནས་འདས་གྲོངས་ཕྱིན་འདུག
༢༠༢༡ལོའི་ཟླ་༢་ཚེས་༡༧ཉིན་སྤེལ། བོད་ཁམས་འབྲི་རུ་རྫོང་གི་དཀོན་མཆོག་སྦྱིན་པ་ལགས་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་ལོ་མང་རིང་བཙོན་འཇུག་དང་མནར་གཅོད་བཏང་ནས་ཉེ་སྔོན་ལྷ་སའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་འདུག
བོད་ནང་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་རྐྱེན་རྒྱ་གཞུང་གིས་བོད་མི་ཁག་ཅིག་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༢༡་ཟླ་༧་ཚེས་༡༤ཉིན་སྤེལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་དྲུག་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན། བོད་ནང་གི་བོད་མི་མང་པོ་ཞིག་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། དེའི་ནང་ནས་བོད་མི་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག
རྒྱ་གཞུང་གིས་སླར་ཡང་བོད་མི་ཞིག་ལ་ཁ་བྲལ་གྱི་ཉེས་མིང་འོག་ཁྲིམས་ཐག་བཅད་འདུག
སྤྱི་ལོ་༢༠༢༡་ཟླ་༣་ཚེས་༢༣ཉིན་སྤེལ། བོད་མདོ་སྨད་མཚོ་སྔོན་རྨ་ཆེན་རྫོང་ནས་ཡིན་པའི་བཀྲ་ཤིས་རྒྱལ་ལགས་ཀྱིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེངྒ་མཆོག་གི་འདྲ་པར་བརྒྱུད་སྐུལ་བྱས་པར་བརྟེན། རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་གཅིག་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བོད་མི་ཞིག་གིས་༸གོང་ས་མཆོག་གི་བཀའ་སློབ་སྤེལ་བས་ལོ་གཅིག་གི་ཁྲིམས་ཐག་བཅད་འདུག
༢༠༢༠་ལོའི་ཟླ་༡༢་ཚེས་༢༦་ཉིན་སྤེལ། བོད་མདོ་སྨད་རྨ་ཆེན་རྫོང་ནས་ཡིན་པའི་བོད་མི་ཞིག་གིས་དྲ་ལམ་ནས་༸གོང་ས་མཆོག་གི་བཀའ་སློབ་དང་། བོད་རང་བཙན་གྱི་པར་རིས་རྒྱུད་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་སྣར་ལོ་གསར་འཚམས་འདྲི་བྱས་པ་བཅས་ལ་བརྟེན་ནས། རྒྱ་གཞུང་གིས་ཁོང་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུག