20
Sat, Apr

རྒྱ་གཞུང་གིས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་མཐོ་ཚད་ཁྲི་དགུ་བཅུ་གོ་དགུ་ལྷག་ཅན་ཞིག་གཏོར་བཤིག་བཏང་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༧་ཉིན་སྤེལ། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཁམས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དང་། མཎི་འཁོར་ལོ་༤༥་གཏོར་བཤིག་བཏང་ཡོད་འདུག སྟོན་པའི་སྐུ་བརྙན་འདི་ནི་མུ་གེ་གོ་ཆགས་དང་འབྱུང་གཞིའི་གནོན་པ་མི་ཡོང་བའི་ཆེད་དུ་བྲག་མགོ་མི་མང་གིས་འགྲོ་གྲོན་བཏང་ནས་བཞེངས་པ་ཞིག་ཡིན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན་ནས། རྒྱ་གཞུང་གིས་བཙན་བཀའ་བཏང་ནས། བྲག་མགོའི་སྟོན་པའི་སྐུ་ཆེན་དེ་གཏོར་བཤིག་གཏོང་འགོ་བརྩམས་ཡོད་པ་དང་། ད་ལྟར་སྟོན་པའི་སྐུ་ཆེན་དེ་ཆ་ཚང་གཏོར་བཤིག་བཏང་ཡོད་པ་མ་ཟད། དགོན་པའི་ཉེ་འདབས་སུ་ཡོད་པའི་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་ཡོད་པ་ཚང་མ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

སྟོན་པའི་སྐུ་བརྙན་དེར་རྒྱ་སྒོར་ཁྲི་བཞི་སྟོང་ལྷག་གི་འགྲོ་སོང་བཏང་ནས་སྐུ་བརྙན་དེ་ཕྱི་ལོ་༢༠༡༥་ལོའི་ཟླ་༡༠་ཚེས་༥་ཉིན་ལེགས་གྲུབ་བྱུང་འདུག སྐུ་བརྙན་དེ་རྒྱག་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆའང་ལེན་ཡོད་འདུག འོན་ཀྱང་། བྲག་མགོ་རྫོང་རྒྱ་དཔོན་རྣམས་ཀྱིས་བཙན་བཀའ་བཏང་ནས་གཏོར་བཤིས་བཏང་བཅུག་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།