19
Fri, Apr

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་ལགས།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡ ཟླ་༩ ཚེས་༡༧ཉིན་སྤེལ། ཕྱི་ལོ་༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དཔེ་དེབ་གསོན་མིག་རྩོམ་སྒྲིག་དང་པར་བསྐྲུན་གནང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་ལགས་འདས་གྲོངས་ཕྱིན་འདུག

དེ་ཡང་། བོད་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་ལགས། ཟླ་འདིའི་ཚེས་༡༥་ཉིན། སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་མཆིན་ནད་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་ད་ལོ་རང་ལོ་༣༤ ཡིན་ཞིང་། རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་གྲྭ་པ་ཡིན་འདུག

སྙན་ངག་པ་རྭ་ཚེ་རིང་དོན་གྲུབ་ལགས་ཀྱི་སྨྱུག་མིང་ལ་ཤིང་ལོ་དམར་པོ་ཞེས་ཟེར་ཞིང་། ཁོང་གིས་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་སོགས་ཀྱི་རྩོམ་ཡིག་སྤེལ་རྐྱེན། ཕྱི་ལོ་༢༠༡༠་ཟླ་༢་པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་གསུམ་ལ་བཙོན་འཇུག་བྱས་འདུག ཕྱི་ལོ་༢༠༡༣་ལོར་གློད་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་ཉེན་རྟོག་པས་ཚད་ལས་བརྒལ་བའི་གདུག་སྦྱོང་མནར་གཅོད་བཏང་རྐྱེན། བཙོན་གྲོལ་ཐོབ་ཀྱང་གཟུགས་པོ་བདེ་ཐང་མེད་པ་དང་། ལྷག་པར་དུ་མཆིན་ནད་ན་བའི་དབང་གིས་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་བྱུང་མ་ཐུབ་ནས་འདས་གྲོངས་སུ་གྱུར་ཡོད་འདུག

ཁོང་གིས་གསོན་མིག་དུས་དེབ་ལ་རྩོམ་སྒྲིག་པ་གནང་མྱོང་ཡོད་པ་དང་། དུས་དེབ་དེའི་ནང་དུ་རྩོམ་ཡིག་འཇིགས་རུང་གི་མནར་གཅོད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སོགས་བྲིས་ཡོད་འདུག ད་དུང་ཁོང་གིས་རྔུལ་ཁྲག་ཅེས་པའི་དཔེ་དེབ་ཅིག་ཀྱང་པར་བསྐྲུན་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།