16
Tue, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༡༩ཉིན། རྒྱ་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་ཞེས་པ་བཏང་ནས་ལོ་༧༠་འཁོར་བའི་དུས་དྲན་སྲུང་བརྩི་དེ་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དུ་བྱེད་འཆར་ཡོད་ཅིང་། མཛད་སྒོ་བདེ་བླག་ངང་སྒྲུབ་ཆེད་དུས་དྲན་སྲུང་བརྩི་བྱེད་རིང་གཞུང་ལམ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་། ལྷ་ས་གྲོང་ཁྱེར་གྱི་ཉེན་རྟོག་པས་མཛད་སྒོ་དེའི་ཉིན་མོར་གཞུང་ལམ་ཁག་ཅིག་གི་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག དེ་ནི་ཟླ་འདིའི་ཚེས་༡༩ཉིན་གྱི་ཐོ་རེངས་ཆུ་ཚོད་༤་ནས་མཛད་སྒོ་མཇུག་མ་སྒྲིལ་བར་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བསྒྲགས་པར་བརྟེན། མི་མང་གི་ཉིན་རེའི་འགྲོ་འདུག་སྤྱོད་ཀྱི་འཚོ་བར་བརྡབ་གསིག་དང་། སུན་པོ། བར་ཆད་སོགས་གཏོང་བཞིན་ཡོད་འདུག

བཀག་སྡོམ་བྱེད་སའི་གཞུང་ལམ་ནི་གཡུ་ཐོག་ལམ། མཁར་རྔ་གདོང་ལྷོ་ལམ། པེ་ཅིང་ལམ་དང་ཉང་བྲན་ལམ། བདེ་སྐྱིད་ལམ། ནོར་བུ་གླིང་ཁའི་ལམ། གླིང་སྐོར་ལམ་སོགས་ཡིན་པ་དང་། བཀག་སྡོམ་བྱ་ཡུལ་ནི། འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས། རྐང་ཐང་དུ་འགྲོ་མཁན་བཅས་ཡིན་པ་འགྲེལ་བརྗོད་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།