18
Thu, Apr

གསུམ་བཅུ་དུས་དྲན་སྐབས་བོད་ནང་དྲ་རྒྱ་སྒོ་རྒྱག་འཆར་ཡོད་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༦ཉིན། བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། བོད་མིའི་རང་དབང་སྒེར་ལངས་ཉིན་མོའམ་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་སླེབས་ལ་ཉེ་སྐབས། རྒྱ་གཞུང་གིས་དྲ་རྒྱ་ཁག་དགག་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་པ་དང་། འགྲོ་འདུག་སྤྱོད་གསུམ་བཀག་སྡོམ་འོག་གནས་ཡོད་པར་བརྗོད་སོང་།

དེ་ཡང་། ཉེ་ཆར་བོད་ཁམས་ཕྱོགས་སུ་གསུམ་བཅུའི་དུས་དྲན་གྱི་ཉིན་སླེབས་ལ་ཉེ་སྐབས་དྲ་རྒྱ་ཁག་དགག་རྒྱུ་ཡིན་པ་རྒྱ་གཞུང་གིས་བཀའ་ཁྱབ་བཏང་ཡོད་པ་དང་། དུས་བཀག་གང་ཡང་མེད་པར་དྲ་རྒྱ་དགག་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་སོང་ཅེས་བོད་མི་ཞིག་གིས་བརྗོད་སོང་། རྒྱ་ནག་གཞུང་ཕྱོགས་ནས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཚོར་བ་རྣོ་བའི་ཉིན་མོ་ཞིག་ཏུ་ངོས་འཛིན་གྱིས་བོད་ཀྱི་ས་གནས་གཞན་ནས་རྒྱལ་ས་ལྷ་སར་ཡོང་མཁན་ཚོར་དམ་དྲག་བྱེད་བཞིན་ཡོད་འདུག

གཞན་ཡང་། ད་ལོ་ནི་བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་༦༠་འཁོར་བའི་ལོ་དེ་ཡིན་པ་དང་། རྒྱ་གར་གཙོ་པའི་ཕྱི་རྒྱལ་ཁག་ཏུ་གནས་པའི་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་དང་གོམ་འགྲོ་སོགས་བྱེད་དང་བྱ་འཆར་ཡོད་པའི་འདུག ཟླ་༣་ཚེས་༣ཉིན་ཨ་རི་དང་ཁ་ན་ཌའི་ནང་གནས་སྡོད་བོད་མི་ཁག་ཅིག་གིས་ཨ་རིའི་མངའ་སྡེ་ཧྤི་ལ་ཌལ་ཧྤི་ཡའི་(Philadelphia) རང་བཙན་ཚོགས་ཁང་གི་མདུན་ཐང་ནས་མགོ་འཛུགས་ཀྱིས།ཨ་རིིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ལས་ཁུངས་བར་བོད་རང་བཙན་གོམ་བགྲོད་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།