19
Fri, Apr

བོད་རྔ་བར་བོད་མི་གཞོན་སྐྱེས་གཉིས་ནས་སྐུ་ལུས་མེར་སྲེག་གནང་ཡོད་འདུག

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་ནང་ནས་མིང་བཤད་འདོད་མེད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། བོད་མདོ་སྨད་རྔ་བ་ནས་རང་ལོ་༡༦ཙམ་་ཡིན་པའི་མིང་ལ་དགེ་འདུན་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་ཞུ་བ་མི་གཉིས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འདི་ཟླའི་ཚེས་༩ཉིན་བོད་ལ་རང་དབང་དགོས་ཞེས་སྐད་འབོད་ཁྲོད་རང་ལུས་མེ་བསྲེག་བཏང་འདུག ཅེས་རྒྱ་གར་ལྷོ་ཕྱོགས་སྨིན་གྲོལ་གླིང་དུ་བཞུགས་པའི་ཆོས་འགྲུབ་རིན་པོ་ལགས་ནས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་སོང༌།

ཁོང་གིས་མུ་མཐུད་གསུངས་དོན། ཁོང་གཉིས་ཀ་གྲྭ་བ་རེད་ཅེས་བརྗོད་སོང༌། གོ་ཐོས་ལྟར་ན་གཞོན་སྐྱེས་གཅིག་སྐུ་ལུས་མེར་སྲེག་གནང་རྗེས་འདས་གྲོངས་སུ་གྱུར་ཡོད་ལ། གཞན་པ་དེ་སྐུ་གྲོངས་མེད་ཀྱང་སྐུ་ལུས་མེར་སྲེག་བཏང་རྗེས་ཁྱུང་མཆུ་རྫོང་གི་སྨན་ཁང་དུ་ཡོད་ལུགས་དང༌། ཡང་གཅིག་འབར་ཁམས་སྨན་ཁང་ཞིག་ཏུ་འཁྱེར་ཡོད་ས་རེད་ཅེས་གསུངས་སོང༌།

ཡིན་ནའང་རྒྱ་ནག་དམར་གཞུང་གིས་ཁུལ་དེར་དམ་དྲག་ཤིན་ཏུ་ཆེ་རུ་གཏོང་བཞིན་པ་བཅས་གནས་སྟངས་འོག་ཞིབ་ཕྲའི་གནས་ཚུལ་གསལ་བོ་ཤེས་ཐུབ་ཀྱི་མེད་ལུགས་འགྲེལ་བརྗོད་གནང་སོང༌། གཞོན་སྐྱེས་གཅིག་གི་ཡབ་ཀྱི་མིང་ལ་རྗེ་དཀར་བཟོད་པ་ཞུ་བ་དང༌། ཁོའི་མ་ཡུམ་དང་གཞན་པའི་ཕ་མའི་མིང་བཅས་ཀྱི་སྐོར་གོ་རྟོགས་བྱུང་མི་འདུག མེར་སྲེག་གཏོང་ས་རྔ་བ་རྫོང་དཔའ་བོའི་བསོ་རྭ་ཞེས་པར་རེད་འདུག་པ་བཅས།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། གསར་འགོད་བསྟན་འཛིན་ནོར་རྒྱས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།