18
Thu, Apr

༢༠༢༠་ལོའི་ཟླ་༢་ཚེས་༡༤་ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པི་ལོ་སི་(Nancy Pelosi)་མཇལ་འཕྲད་སྐབས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༡༥་ཉིན་སྤེལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིར་ཕེབས་ནས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པི་ལོ་སི་(Nancy Pelosi)་དང་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)་མཆོག་སོགས་ལ་མཇལ་འཕྲད་གནང་ནས། ༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་འདུག

དེ་ཡང་། དཔལ་ལྡན་སྲིད་སྐྱོང་མཆོག་ཟླ་འདིའི་ཚེས་༧་ཉིན། བཞུགས་སྒར་རྡ་ས་ནས་ཨ་རི་དང་ཁཱ་ཎ་ཌར་སྐོར་བསྐྱོད་ཕྱིན་ཡོད་པ་དང་། ཟླ་འདིའི་ཚེས་༡༢་ཉིན། རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་སཱ་མུལ་བྷོར་བྷད(Samuel Brownback)་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཟླ་འདིའི་ཚེས་༡༣་ཉིན། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)་མཆོག་དང་མཇལ་འཕྲད། ཟླ་འདིའི་ཚེས་༡༤་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག་སོགས་ལ་མཇལ་འཕྲད་གནས་ནས། ༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་འདུག

དེ་བཞིན། ། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷོབ་ཁཱ་སེ་(Bob Casey) མཆོག་ལ་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུས་པ་ལྟར་ཞལ་བཞེས་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་དྲང་བདེན་མ་ཡིན་པའི་ཚོང་ལས་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་མཆོག་ལ་རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་བརྒྱུད་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སྐབས། སྐུ་ཞབས་བྷོབ་ཁེ་སེ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དེ་ལྟ་བུའི་མི་རིགས་དབྱེ་འབྱེད་དང་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཅེས་གསུངས་འདུག

སྲིད་སྐྱོང་མཆོག་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern) མཆོག་དང་མཇལ་འཕྲད་གནང་སྐབས། འཐུས་མི་ཁོང་གིས་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ལ། བོད་དོན་ནི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་ཐུན་མོང་ཐོག་རྒྱབ་སྐྱོར་གནང་ཡུལ་གྱི་གནད་དོན་ཞིག་ཡིན་ཞིང་། ཁོང་དང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་སུ་འབད་བརྩོད་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།

གཞན་ཡང་། དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་ཚན་པའི་འགན་འཛིན་སྐུ་ཞབས་ཇོ་ཎ་ཐཱན་སཱི་ཊི་ཝེར( Jonathan Stivers) མཆོག་དང་མཇལ་འཕྲད་གནང་སྐབས། འགན་འཛིན་ཁོང་གིས་འབྱུང་འགྱུར་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་འཁེལ་བཞིན་ཡོད་སྟབས། དེ་ཉིན་ཨ་རིའི་གྲོས་ཚོགས་རྒྱ་ནག་ལས་དོན་ཚོགས་ཆུང་གི་གོ་སྒྲིག་འོག གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་སྐོར་ཉན་ཞིབ་ལས་རིམ་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་དང་། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་སྟབས་འཛམ་གླིང་ནང་ཆབ་སྲིད་བཙོན་པ་ལོ་སྣ་ཆུང་ཤོས་ཆགས་ཡོད། ཅེས་གསུངས་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག་གི་ལས་ཁུངས་སུ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྕམ་སྐུ་མཆོག་ཐུག་འཕྲད་གནང་འདུག སྐབས་དེར། སྲིད་སྐྱོང་མཆོག་ནས་ལྕམ་སྐུ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པར་ (Tibetan Policy and support Act 2019) རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོདའདུག དེའི་སྐབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་མཛད་སྒོ་ཁེ་པི་ཊོལ་ཧིལ་(Capitol Hill) དུ་སྲུང་བརྩི་ཞུ་རྒྱུ་ཡིན་སྟབས། སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་ངེས་ཕེབས་ཡོང་བའི་མགྲོན་འབོད་ཞུས་པ་ལྟར་ལྕམ་སྐུ་མཆོག་གིས་ཞལ་བཞེས་གནང་ཡོད།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྷོ་དབུས་ཨེ་ཤི་ཡའི་དྲུང་ཆེ་ལས་རོགས་ཀྱི་ལས་ཚབ་ཨ་ལི་སི་ཝེ་ལི་སི་(Alice Wells) མཆོག་དང་ཐུག་འཕྲད་ཀྱིས། རྒྱ་ནག་གི་གནོན་ཤུགས་བལ་ཡུལ་ནང་སླེབས་པའི་རྐྱེན་གྱིས་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུངས་ཡོད་འདུག