24
Wed, Apr

ཨ་རིའི་ཕྱི་སྲིད་དྲུང་ཆེ་མི་ཁི-པོམ་པེ(Mike Pompeo)མཆོག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༧ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མི་ཁི-པོམ་པེ(Mike Pompeo)མཆོག་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་གི་འགོ་ཁྲིད་ཁག་ཅིག་ཨ་རི་ནང་དུ་ཡོང་བའི་མཐོང་མཆན་བཀག་སྡོམ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

དེ་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མི་ཁི-པོམ་པེ་མཆོག་གིས་རྒྱ་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། བོད་ནང་དུ་ཨ་རིའི་སྲིད་ཚབ་དང་། གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཁྱམ་བཅས་ལའང་བཀག་སྡོམ་བྱེད་ཀྱི་ཡོད་རྐྱེན། ཨ་རི་སྲིད་གཞུང་གིས་རྒྱ་གཞུང་གི་འགོ་ཁྲིད་ཁག་ཅིག་ཨ་རིར་ཡོང་བའི་མཐོང་མཆན་ལ་བཀག་སྡོམ་བྱ་རྒྱུ་ཡིན་པར་བརྗོད་འདུག

པོམ་པེ་མཆོག་གིས་བསྒྲགས་གཏམ་ཞིག་ནས་བརྗོད་དོན། ཨ་རི་སྲིད་གཞུང་གིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་དོན་སྙིང་ལྡན་པའི་རང་སྐྱོང་ལ་རྒྱབ་སྐྱོར་མུ་མཐུད་ནས་བྱེད་རྒྱུའི་དམ་བཅའ་ཡོད། བོད་དུ་བདེ་འཇགས་ཆེད་(ཨ་རིའི་སྲིད་ཚབ་སོགས)སྐོར་བསྐྱོད་འགྲོ་རྒྱུར་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། བོད་ནང་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་དང་། ཨེ་ཤེ་ཡའི་ཆུ་ཆེན་འབྱུང་ཁུངས་ཡིན་པའི་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་བྱུང་བར་རྒྱ་གཞུང་གིས་འགོག་སྲུང་བྱས་ཐུབ་མེད། ཅེས་བརྗོད་འདུག

དེར་བརྟེན། ངས་དེ་རིང་བོད་ནང་དུ་ཕྱི་རྒྱལ་བ་ཚོ་བསྐྱོད་མི་ཆོག་པའི་སྲིད་ཇུས་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་རྒྱ་དམར་སྲིད་གཞུང་གི་འགོ་ཁྲིད་ཚོ་ཨ་རི་ནང་དུ་ཡོང་རྒྱུའི་མཐོང་མཆན་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་བྱེད་རྒྱུ་ཡིན། ཞེས་ཕྱི་སྲིད་དྲུང་ཆེ་མཆོག་གིས་བརྗོད་འདུག