19
Fri, Apr

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༢་ཚེས་༢༧་ཉིན། དབྱིན་ཡུལ་དུ་ཡོད་པའི་ཝེ་ཊི་ཀེའི་ཚོགས་པའི་སེམས་དང་། ལུས། ཆོས་ཞེས་པའི་དུས་དེབ་ཐོག ༢༠༢༠་ལོའི་འཛམ་གླིང་དུ་ཤུགས་རྐྱེན་ཆེས་ཆེ་བའི་དབུ་ཁྲིད་བརྒྱ་བདམས་ཡོད་ཅིང་། དེ་དག་གི་ཁྲོད་ནས་བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨང་དང་པོར་བདམས་འདུག

དེ་ཡང་། དབྱིན་ཇིའི་ཝེ་ཊི་ཀེའི་སེམས་དང་། ལུས། ཆོས་ཞེས་པའི་ཚོགས་པ་དེས་༢༠༢༠་ལོའི་འཛམ་གླིང་ལ་ཤུགས་རྐྱེན་དང་འགྱུར་བ་གཏོང་མཁན་གྱི་ཆོས་ཕྱོགས་ཀྱི་དགེ་རྒན་དང་། ལས་འགུལ་བ། རྩོམ་པ་པོ། བསམ་བློ་བ་བཅས་ཀྱི་འཚོ་བཞུགས་མི་སྣ་བརྒྱ་བདམས་ཡོད་འདུག

དེའི་ཁྲོད་ནས་བོད་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨང་པོར་བདམས་འདུག ཨང་གཉིས་པ་ནི། ཡེ་ཤུ་བླ་ཆེན་པོ་ཕེ་ཧྥ་རན་སེ་སི(Pope Francis)དང་། ཨང་གསུམ་པ་ནི། ཁོར་ཡུག་ལས་འགུལ་པ་བུ་མོ་ཆུང་ཆུང་གེར་ཊ་ཐུན་བྷར་གུ(Greta Thunberg) ཨང་བཞི་པ་ནི། ཆོས་ཀྱི་སློབ་དཔོན་ཨེ་ཀ་ཊ་ཊོ་ལེ(Eckart Tolle)། ཨང་ལྔ་པ་ནི། གཞན་ཕན་སྒྲུབ་མཁན་དང་གཏམ་བཤད་པ་བུད་མེད་ཨོ་པ་ར་ཝིན་ཧྥ་རེ(Oprah Winfery)། ཨང་དྲུག་པ་ནི། རྩོམ་པ་པོ་དང་ལས་འགུལ་པ་ར་སེལ་བྷ་རན་ཊི(Russel Brand)། ཨང་བདུན་པ་ནི། བསམ་གཏན་ཆོས་བརྒྱུད་ཀྱི་སློབ་དཔོན་ཆེན་མོ་ཐིག་ན་ཐི་ཧན(Thick Nhat Hanh)། ཨང་བརྒྱད་པ་ནི། ཡེ་ཤུ་བླ་ཆེན་ཌེ་སི་མོན་ཊོ་ཊོ(Desmond Tutu)དང་། གཞན་ཡང་ཆོས་ཀྱི་སློབ་དཔོན་དང་། རྩོམ་པ་པོ། ལས་འགུལ་པ་སོགས་བཅས་བདམས་འདུག

གདམ་བྱར་ཚང་དགོས་པའི་ཆ་རྐྱེན་ཁག་ནི། དང་པོ། མི་སྣ་དེ་འཚོ་བཞུགས་ཡིན་དགོས། གཉིས་པ། འཛམ་གླིང་ལ་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་དང་དམིགས་བསལ་ཀྱི་ལས་དོན་སྒྲུབ་པ། གསུམ་པ། མི་སྣ་དེ་གྷོ་གྷོ་འཚོལ་བཤེར་ཐོག་ཐེངས་མང་ལ་འཚོལ་ཞིབ་བྱས་ཤིང་། ཝེ་ཀེ་རིག་མཛོད་ཀྱི་ངོ་ཤོག་ཡོད་པ་དང་། དྲ་ཐོག་ལ་ཚ་ཚ་འུར་འུར་གྱིས་གླེང་མཁན་བཅས་རེད།