20
Sat, Apr

བལ་ཡུལ་གྱི་སྲིད་འཛིན་བྷན་ཌི་རི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༠་ཚེས་༡༢་ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བལ་ཡུལ་ལ་སྐོར་བསྐྱོད་སླེབས་ཀྱི་ཡོད་ཅིང་། དེའི་སྐབས། རྒྱ་ནག་དང་བལ་ཡུལ་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་དོན་ཞིག་བཞག་དགོས་པའི་གནོན་ཤུགས་ད་ལྟར་སྤྲོད་བཞིན་ཡོད་པ་དང་། དེ་ནི་བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ཚོ་རྒྱ་གཞུང་ལ་རྩིས་སྤྲོད་ཆེད་དུ་དམིགས་ཡོད་པར་འགྲེལ་བརྗོད་བྱེད་བཞིན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༢་ཉིན། རྒྱ་ནག་གི་སྲིདའཛིན་ཞི་ཅིང་ཕིང་བལ་ཡུལ་ནང་དུ་སྐོར་བསྐྱོད་སླེབས་ཀྱི་ཡོད་པ་དང་། དེའི་སྐབས་སུ། རྒྱ་ནག་དང་བལ་ཡུལ་བར་དུ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་དོན་ཞིག་འཇོག་ཐུབ་པར་ད་ལྟར་ནས་བལ་ཡུལ་གཞུང་ལ་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་ཡོད་པར་བརྒྱུད་ལམ་ཁག་ཏུ་ཁྱབ་བཞིན་འདུག འོན་ཀྱང་། ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་དོན་དེ་བལ་ཡུལ་གཞུང་གིས་དང་ལེན་བྱེད་ཡོད་མེད་ཀྱི་ཐོག་ད་ལྟར་གསལ་ཁ་མེད་པ་རེད།

གལ་སྲིད། ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་དོན་དེ་རྒྱལ་ཁབ་གཉིས་བར་བཞག་པ་ཡིན་ན། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཉེས་ཅན་ཡོད་རིགས་ཀྱི་མི་རྒྱལ་ཁབ་ཕན་ཚུན་ལ་རྩིས་སྤྲོད་བྱེད་རྒྱུ་དེ་ཡིན་འདུག

རྒྱ་གཞུང་གི་ཉེས་ཅན་རྩིས་སྤྲོད་ཀྱི་དམིགས་ཡུལ་གཙོ་ནི། བལ་ཡུལ་ནང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ཚོ་རྒྱ་གཞུང་ལ་རྩིས་སྤྲོད་ཆེད་དུ་དམིགས་ཡོད་པར་དཔྱད་བརྗོད་པ་ཚོས་འགྲེལ་བརྗོད་བྱེད་བཞིན་འདུག གྲོས་དོན་དེ་འདྲ་འཇོག་པར་རྒྱ་ནག་གིས་གནོན་ཤུགས་སྤྲོད་བཞིན་པ་ནི་ཉེན་ཚབས་ཅན་གྱི་གནད་དོན་ཞིག་རེད། དེ་ནི་བལ་ཡུལ་གཞུང་གིས་བསམ་བློ་ནན་པོ་གཏོང་དགོས་པ་ཞིག་རེད་ཅེས་བརྗོད་འདུག

ཟླ་འདི་ཚེས་༡༢་ནས་༡༣་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བལ་ཡུལ་ནང་དུ་ཉིན་གཉིས་རིང་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་དང་། དེའི་སྐབས་སུ། ཞི་ཅིང་ཕིང་གིས་བལ་ཡུལ་གྱི་སྲིད་འཛིན་བྷན་ཌི་རི་དང་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་བར་གྲོས་དོན་ཁག་ཅིག་འཇོག་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་༡༡་ནས་༡༢་བར། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་གྱི་མངའ་སྡེའི་ཏ་མིལ་ན་ཌོ་(Tamil Nadu)ཅན་ནེར(Chennai)་ནང་དུ། གཞུང་འབྲེལ་མིན་པའི་སྐོར་བསྐྱོད་སླེབས་ཀྱི་ཡོད་པ་དང་། དེའི་སྐབས་སུ། འགོ་ཁྲིད་གཉིས་ཀས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཐོག་བགྲོ་གླེང་བྱ་རྒྱུ་མ་གཏོགས། དམིགས་བསལ་གྲོས་ཆོད་འཇོག་རྒྱུ་མིན་པར་རྒྱ་གར་གྱི་ཕྱི་སྲིད་བློན་གྱིས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིག་ཕིང་རྒྱ་གར་ལྷོ་ཕྱོགས་ཡོང་བ་དང་བསྟུན། བོད་དོན་ལས་འགུལ་བ་ཚོས་ཞི་ཅིང་ཕིང་ལ་ངོ་རྒོལ་བྱེད་འཆར་ཡོད་ཀྱང་། རྒྱ་གར་ཉེན་རྟོག་པས་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་གཙོ་པའི་བོད་མི་གཞན་༩་འཛིན་བཟུང་བྱས་ཡོད་འདུག