19
Fri, Apr

རྒྱ་ནག་གི་མཉེན་ཆས་ཐྲིག་ཊོག་རྒྱ་གར་ནང་བཀག་སྡོམ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༡༨་ཉིན་སྤེལ། ཉེ་ཆར་རྒྱ་གར་གྱི་མངའ་སྡེ་མ་ཌི་ར(Madras) ནང་དུ་རྒྱ་ནག་གི་བརྙན་ཐུང་བཟོ་ས་དང་སྐུར་ས་ལྟ་སའི་མཉེན་ཆས་ཐྲིག་ཊོག་(TikTok)་དེ་བཀག་སྡོམ་བྱས་ཡོད་པ་དང་། དེ་ནས་ཟླ་འདིའི་ཚེས་༡༦་ཉིན་རྒྱ་གར་ནང་གི་གྷོ་གྷུ(Google)་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གྱི་ནང་ཕབས་ལེན་བྱེད་ས(app stores)་ནས་བཏོན་ཚར་ཡོད་འདུག

དེ་ཡང་རྒྱ་གར་ནང་དུ་ན་གཞོན་ཚོས་དང་དོད་བྱེད་བཞིན་པའི་མཉེས་ཆས་ཐྲིག་ཊོག་(TikTok )་དེ་༢༠༡༩ལོའི་ཟླ་༡ ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་(Tamil)ནང་ཚོགས་པ་(Pattali Makkal Katchi)འཛུགས་མཁན་ར་མའ་ཌ་སུ་(Ramadoss)་་ཡིས་རྒྱ་གར་གཞུང་ལ་མཉེས་ཆས་ཐྲིག་ཊོག་(TikTok )་ དེ་བཀག་སྡོམ་བྱེད་དགོས་པ་དང་དེས་གཞོན་ནུ་ཚོར་སེམས་གཡེང་དུ་འཇུག་པ་མ་ཟད། ད་དུང་རིག་གཞུང་ཉམས་ཆགས་དང་འདོད་པའི་བསྟན་བཅོས་ལ་སྐུལ་མ་གཏོང་བ་སོགས་ཡོང་གི་འདུག་ཅེས་བརྗོད་ཡོད་འདུག

རྒྱ་གར་ནང་དུ་ཟླ་རེར་མཉེས་ཆས་ཐྲིག་ཊོག་་(TikTok) རྕེད་མཁན་མི་ས་ཡ་༡༢༠་ཡིས་བེད་སྤྱོད་བྱེད་བཞིན་ཡོད་འདུག རྒྱ་གར་མ་ཟད། ད་དུང་ཨི་ཌོ་ནེ་ཤེ་ཡ་(Indonesia)ནང་ལའང་རྒྱ་ནག་གི་མཉེས་ཆས་ཐྲིག་ཊོག་(TikTok) དེ་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བ་འདུག དེ་ཡང་དྲ་ལམ་ཐོག་ལ་གནས་ཚུལ་སྤེལ་བ་ལྟར་ན་མཉེས་ཆས་ཐྲིག་ཊོག་(TikTok)་གི་རྐྱེན་པས་མིའི་སྲོག་ཤོར་བའི་གནས་ཚུལ་མང་པོ་ཐོན་འདུག

༢༠༡༨ལོའི་ཟླ་༡༠ ཚེས་༡༧ ཉིན་ཅན་ནེད་(Chennai)ལ་གནས་སྡོད་བྱེད་པའི་ལོ་༢༤ཡིན་པའི་བུ་ཞིག་ལ་མཉེས་ཆས་ཐྲིག་ཊོག་ (TikTok)་བེད་སྤྱོད་བྱེད་མཁན་ཞིག་གིས་བརྙས་བཅོས་ཀྱིས་ཁོ་ལ་བུ་མོའི་གྱོན་གོས་སྤྲས་ནས་བརྙན་ཐུང་བཟོས་ནས་དྲ་ཐོག་ཏུ་བཏང་རྗེས་བུ་དེ་རང་ཤི་བརྒྱབ་ཡོད་འདུག གཞན་༢༠༡༩ལོའི་ཟླ་༢ཚེས་༢༢ཉིན་མཐོ་སློབ་སློབ་མ་གཅིག་ཤི་བ་དང་གཉིས་ལ་རྨས་སྐྱོན་བྱུང་འདུག གནས་ཚུལ་འབྱུང་རྐྱེན་དེ་ཁོ་ཚོས་སྦག་སྦག་གཏོང་བཞིན་མཉེས་ཆས་ཐྲིག་ཊོག་ (TikTOK)་ནས་བརྙན་ཐུང་བཟོ་པས་རྐྱེན་ཡིན་འདུག དེ་ཡང་གོང་གི་གནས་ཚུལ་འདྲ་བོ་མང་པོ་ཞིག་རྒྱ་གར་མངའ་སྡེ་གཞན་ལའང་བྱུང་དང་འབྱུང་བཞིན་ཡོད་པས། ༢༠༡༩ལོ་ཟླ་༤ཚེས་༡༥ཉིན་རྒྱ་གར་གྱི་ཆེས་ཁྲིམས་ཁང་གིས་མཉེས་ཆས་ཐྲིག་ཊོག་(TikTok)་བཀག་འགོག་བྱས་ཡོད་འདུག

དེ་རྗེས་མཉེས་ཆས་ཐྲིག་ཊོག་(TikTok)་བདག་པོས་མ་ཌི་རའི་ཁྲིམས་ཁང་མཐོ་ཤོས་(Madras High Court)ནས་སྐྱོན་འཛུགས་བྱས་པར་སྙན་ཞུ་ཕུལ་འདུག་ཀྱང་ཁྲིམས་ཁང་དེས་ཁོ་ཚོའི་སྙན་ཞུ་དང་ལེན་བྱས་མིན་འདུག

རྒྱ་གར་མངའ་སྡེ་གཞུང་གིས་གྷོ་གྷུ(Google)་དང་ཀུ་ཤུ་རྟགས་ཅན་ལ་མཉེས་ཆས་ཐྲིག་ཊོག་(TikTok)་བཀག་སྡོམ་བྱེད་དགོས་པའི་སྙན་ཞུ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་༡༦་ཉིན་རྒྱ་གར་ནང་གི་གྷོ་གྷུ(Google)་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་ཕབས་ལེན་བྱེད་ས(app stores)་ནས་མཉེས་ཆས་ཐྲིག་ཊོག་(TikTok)་བཏོན་ཚར་ཡོད་འདུག