16
Mon, Dec

ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝེན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཁས་མི་ལེན་ཟེར།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༣་ཚེས་༡༨ཉིན། ཐེ་ཝན་རྒྱལ་ས་ཐེ་པད་དུ་ཐེ་ཝན་སྲིད་འཛིན་ཚད་དབྱིང་ཝེན་གྱིས་ང་སྲིད་འཛིན་བསྡད་ཡུན་རིང་དུ། ཐེ་ཝན་གྱིས་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེ་ཁས་ལེན་བྱེད་རྒྱུ་མིན་པ་དང་། ལམ་ལུགས་དེ་ཡིས་ཐེ་ཝན་དང་རྒྱ་ནག་ཟླ་སྒྲིལ་བཏང་ནས། ཐེ་ཝན་པེ་ཅིང་གི་དབང་སྒྱུར་འོག་ཏུ་བསྡུ་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད་ཅེས་བརྗོད་འདུག

སྲིད་འཛིན་ཚད་དབྱིང་ཝེན་གྱིས་ཉི་མ་མེ་ཏོག་སློབ་ཕྲུག་ལས་འགུལ་(Sunflower student Movement)དེ་བྱུང་ནས་ལོ་ངོ་ལྔ་འཁོར་བའི་དུས་དྲན་དེ་ཁོང་མོའི་ངོ་དེབ་ཐོག་ཏུ་དྲན་གསོ་བྱས་ཡོད་འདུག དེ་ནི་སློབ་ཕྲུག་གིས་ཐེ་ཝན་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་ཐོག་གྲོས་མཐུན་འཇོག་རྒྱུར་ངོ་རྒོལ་བྱས་པའི་ལས་འགུལ་ཞིག་ཡིན་འདུག

གཞན་ཡང་། སྲིད་འཛིན་ཚད་དབྱིང་ཝེན་གྱིས་བདུན་ཕྲག་འདིའི་ནང་མང་གཙོ་འཕེལ་རྒྱས་ཚོགས་པ་དེ་ཕྱི་ལོ་༢༠༢༠་ལོའི་སྲིད་འཛིན་འོས་བསྡུ་ནང་དེབ་འགོད་བྱ་རྒྱུ་ཡིན་པར་བརྗོད་འདུག ད་དུང་མི་མང་ཚོ་ང་དང་མཉམ་དུ་ཡོང་ནས་ང་ཚོའི་རྒྱལ་ཁབ་འདི་ཡང་དག་པའི་ལམ་བུ་ཞིག་གི་ཐོག་ནས་འགྲོ་ཡི་ཡོད་པ་སྟོན་རོགས་ཞེས་འབོད་སྐུལ་ཡང་གནང་འདུག

མི་ཚང་མས་ཐེ་ཝན་གྱི་དཔལ་འབྱོར་དེ་རྒྱ་ནག་ཕྱོགས་སུ་ཤུགས་ཆེན་བརྟེན་བཞིན་ཡོད་པར་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། ཐེ་ཝན་མང་གཙོ་ལ་ཉེན་ཁ་ཆགས་ཡོད་པར་སྲིད་འཛིན་ཚད་དབྱིང་ཝེན་གྱིས་བརྗོད་འདུག

འདས་པའི་ལོ་ངོ་ལྔ་ཙམ་ལ། ཐེ་ཝན་གྱི་ཚོང་འབྲེལ་རྒྱ་ནག་ཕྱོགས་གཅིག་པོ་མིན་པར། ཐེ་ཝན་གྱི་དཔལ་འབྱོར་ཡར་རྒྱས་ཡོང་ཆེད་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ར་འདྲ་མིན་ལ་ཚོང་འབྲེལ་བཙུགས་ཡོད། དེར་བརྟེན། ཐེ་ཝན་ནང་དུ་ཡུལ་སྐོར་སྤྲོ་འཁྱམ་པ་མང་དུ་ཕྱིན་ཡོད་པ་དང་། ཐེ་ཝན་གྱི་ཅ་དངོས་ཀྱང་ཕྱི་རྒྱལ་ཁབ་ཁག་གི་མི་རྣམས་ལ་བཙོང་ཐུབ་ཡོད་པ་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།