25
Thu, Apr

༢༠༡༨ལོའི་ཟླ༡༢ཚེས་༡༩ཉིན་ཎེ་ཝ་ད་ནི་བུད་མེད་ཁྲིམས་བཟོ་བ་མང་ཤོས་ཆགས་པའི་མངའ་སྡེ་ཐོག་མ་དེ་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༡༢ཚེས་༡༩ཉིན། ཨ་རིའི་མངའ་སྡེ་ཎེ་ཝ་ད(Nevada) ་ནི་ཁྲིམས་བཟོ་བ་བུད་མེད་མང་ཤོས་ཀྱི་མངའ་སྡེ་ཐོག་མ་དེ་ཆགས་ཡོད་པ་དང་། ༢༠༡༩ལོའི་ནང་མངའ་སྡེ་དེའི་ཁྲིམས་བཟོ་ལས་ཁུངས་དུ་བུད་མེད་ཁྲིམས་བཟོ་བ་༥༠:༨%་ཆགས་ཀྱི་ཡོད་པ་རེད། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད་འདུག

དེ་ཡང་རྒྱལ་སྤྱིའི་གསར་ཁང་ཁག་དུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༨ཉིན་བུད་མེད་གཉིས་ཎེ་ཝ་དའི་གྲོས་ཚོགས་ནང་དུ་འདེམ་ཐོན་བྱུང་རྗེས་མངའ་སྡེ་དེ་ནི་ཨ་རིའི་མངའ་སྡེ་ནང་ནས་ཁྲིམས་བཟོ་བ་བུད་མེད་མང་ཤོས་ཀྱི་མངའ་སྡེ་ཐོག་མ་དེ་ཆགས་ཡོད་པ་དང་། དེ་རིང་བུད་མེད་གཉིས་ཎེ་ཝ་དའི་གྲོས་ཚོགས་ནང་དུ་འདེམ་ཐོན་བྱུང་བ་ནི་ལོ་རྒྱུས་གསར་བ་ཞིག་བཟོས་པ་རེད། ཅེས་ཁི་ལར་ཁིའི་རྫོང་(Clakcounty)གི་གཞུང་འབྲེལ་གྱི་ངོ་དེབ་ཐོག་དུ་བཀོད་ཡོད་འདུག

ལབ་སུ་ཝ་གྷ་སུ་(Las Vegas)ནང་གི་ཁི་ལར་ཁིའི་རྫོང་གི་སྤྱི་ཁྱབ་དག་གིས་བུད་མེད་རོ་ཤོ་ངོ་ཡན་(Rochelle Nguyen)དང་བྷེ་ཁྲིའུ་སི་གྷྲི་རན(Beatrice Duran)་རྣམ་གཉིས་གྲོས་ཚོགས་ནང་བདམས་ཡོད་པ་དང་། རོ་ཤོ་ངོ་ཡན་ནི་ས་གནས་ས་ཁུལ་༡༠ཡིས་གྲོས་ཚོགས་འཐུས་ཚབ་ཡིན་པ་དང་། བྷེ་ཁྲིའུ་སི་གྷྲི་རན་ནི་ས་གནས་ས་ཁུལ་༡༡་གི་གྲོས་ཚོགས་འཐུས་ཚབ་ཡིན་འདུག

རད་གྷིསུ་མཐོ་སློབ་ནང་གི་ཨ་རིའི་བུད་མེད་དང་ཆབ་སྲིད་ལྟེ་གནས་ཁང་(The Centre for American Women and politics at Rutgers University)གཞིར་བཞག་ན་བུད་མེད་འདི་གཉིས་བསྡོམས་ན་ད་སྔ་ཎེ་ཝ་དའི་གྲོས་ཚོགས་ནང་དུ་བུད་མེད་ཁྲིམས་བཟོ་བ་༥༠:༨%་ཆགས་ཀྱི་ཡོད་པ་རེད་འདུག

རྒྱལ་ཡོངས་ཁྲིམས་བཟོ་ཁང་(National Conference of state legislature) གིས་འགྲེལ་བརྗོད་བྱས་པར་ལྟར་ན། གྲོས་ཚོགས་ནང་དུ་ཁྱོན་རྐུབ་སྟེགས་༦༣་ཡོད་པའི་ནང་ནས་བུད་མེད་༣༢་ཡོད་པ་དང་། བུད་མེད་༢༣་གྲོས་ཚོགས་འོག་མའི་ནང་དང་། བུད་མེད་དགུ་གྲོས་ཚོགས་གོང་མར་ནང་ཡོད་འདུག