19
Fri, Apr

ཧོའུ་གྷོ་ལགས་༢༠༡༨ཟླ༧ཚེས༡༥ཉིན་མཱོ་སི་ཀོ་དང་༡༩༩༨ལོར་ཧྥི་རན་སི། པར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་རྒྱལ་ཁབ་ག་དུས་ཡིན་རུང་ངའི་སེམས་ནང་དུ་ཡོད། བོད་ནི་ངའི་མི་ཚེ་བརྩི་ཡི་ཡོད། ངས་མ་བྱེད་ན་སུས་བྱེད་གྱི་རེད། ཅེས་ཧྥི་ཧྥ་ཞེས་པའི་འཛམ་གླིང་རྐང་རྩེ་སྤོ་ལོ་ཆེས་མཐའ་མའི་འགྲན་སྡུར་ཁྲོད་བོད་ཀྱི་རྒྱལ་དར་དང་རྒྱུན་རིང་བོད་དོན་སྐོར་ལས་འགུལ་སྤེལ་མཁན་འགྲེལ་བརྗོད་གནང་ཡོད་འདུག

༢༠༡༨ལོའི་ཟླ༧ཚེས་༡༥ཉིན་ཏེ་རེ་གཟའ་ཉི་མར་ཧྥི་ཧྥ་ཞེས་པའི་འཛམ་གླིང་རྐང་རྩེ་སྤོ་ལོ་ཆེས་མཐའ་མའི་འགྲན་སྡུར་ཁྲོད་ཧྥ་རིན་སི་ཡུལ་དང་ཁི་རོ་ཤི་ཡ་ཞུ་བའི་ཡུལ་གྲུ་གཉིས་དབར་འཛམ་གླིང་མི་མང་སྟོང་ཚོ་མང་པོས་བརྙན་འཕྲིན་ཁ་ཕྱོགས་ནས་ལྟ་བཞིན་པའི་སྐབས་སུ། ཧྥ་རིན་སི་མི་སུར་ཡིན་པའི་ཧོའུ་གྷོ་པེ་ཀོན་ཟེར་བ་ཡང་ན་བོད་མིང་ལ་ཡེ་ཤེས་རྡོ་རྗེ་ནི་སྤོ་ལོ་འགྲན་སྡུར་ལྟ་ཆོག་པའི་འཛིན་བྱང་ཡོད་རུང་རྩེད་འགྲན་དེ་ཚོགས་ཡུལ་ཨུ་རུ་སུ་
བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།

ཁོང་ཡུལ་དེའི་ཉེན་རྟོགས་པས་བཀག་ཉར་བྱས་དགོས་པའི་རྒྱུ་རྐྱེན་ནི་འཛམ་གླིང་རྐང་རྩེ་སྤོ་ལོ་དེའི་སྔོན་འགྲོ་འགྲན་སྡུར་མཐའ་མ་གསུམ་པའི་ཐོག་ཁོང་གིས་བོད་ཀྱི་རྒྱལ་དར་ཡར་འདེགས་པ་དང་། བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་གི་སྒྲིག་ཆས་སྟོད་ཐུང་རྒྱབ་སྟེང་དུ་ཏཱ་ལའི་བླ་མ་ཞེས་བྲིས་ཏེ་གྱོན་ཡོད་པ་དང་ཉེན་རྟོགས་བས་དེ་ལྟར་བྱེད་མི་ཆོག་ཚུལ་བཤད་ནས་བཀག་ཉར་བྱས་ཡོད་པ་རེད།

ཁོང་གིས་རང་ཡུལ་གྱི་སྤོ་ལོ་རྩེད་འགྲན་པས་མཐའ་མའི་རྒྱལ་ཁ་བླངས་པ་མཐོང་མེད་ནའང་བོད་ཀྱི་རྩ་དོན་གྱི་ཆེད་དུ་བྱས་པ་ཞིག་ཡིན་སྟབས་འགྱོད་པ་མེད་ལུགས་ཕྱིས་སུ་ཁོང་གིས་འགྲེལ་བརྗོད་གནང་ཡོད་བ་རེད།

ཐེངས་འདི་ཙམ་མིན་པར་དེ་སྔོན་སྤྱི་ལོ་༡༩༩༠་ལོར་ཧྥ་རན་སིའི་མི་ལྔ་དང་མཉམ་དུ་བོད་དུ་ཕྱིན་པ་ཡོད་པ་རེད། དེའི་སྐོར་ཁོང་གིས་གསུངས་དོན། བོད་ལ་གང་འཚམས་བསྡད་པ་ཡིན། དེ་དུས་བོད་ལ་ཕྱི་རྒྱལ་བ་སྡོད་མཁན་ཧ་ཅང་ཉུང་ཉུང་རེད། དུས་དེ་ནས་བཟུང་ང་བོད་ལ་དགའ་མཁན་ཞིག་ཏུ་གྱུར། ཞེས་གསུངས། ༡༩༨༦ལོའི་ཟླ་༧ཚེས་༡༤ལ་ཁོང་༧གོང་ས་མཆོག་ལ་སྒེར་ལ་འཇལ་བའི་གོ་སྐབས་ཀྱང་ཐོབ་རེད། ཁོང་གིས་ཅི་ཕྱིར་བོད་ཀྱི་རྒྱལ་དར་རྕེད་འགྲན་སྐབས་སུ་ལྟད་མོ་བ་ཚོའི་མདུན་དུ་ཡར་འདེགས་ནས་བོད་དོན་དྲིལ་བསྒྲགས་གནང་དགོས་པའི་རྒྱུ་མཚན་གསུངས་དོན། ང་ས་ཆ་གང་དུ་འགྲོ་རུང་ངས་བོད་ཀྱི་རྒྱལ་དར་འཁྱེར་འཁྱེར་པ་ཡིན། ང་བོད་ལ་བསྡད་མྱོང་རེད། ངས་རྒྱུན་དུ་ནས་བོད་ཟས་བཟའ་ཡི་ཡོད། བོད་རྒྱལ་ཁབ་ག་དུས་ཡིན་རུང་ངའི་སེམས་ནང་དུ་ཡོད། ངའི་བུ་མིང་ལ་ཡང་བོད་མིང་བཏགས་ཡོད་ལ། བོད་ནི་ངའི་མི་ཚེ་བརྩི་ཡི་ཡོད། ཞེས་ཚོར་ཤུགས་ཆེན་པོས་འགྲེལ་བརྗོད་གནང་འདུག

ཐེངས་འདིར་ཁོང་བཙོན་དུ་བཀག་ཉར་བྱེད་པའི་སེམས་ཚོར་ངོ་མའི་སྐོར་ཡང་ཁོང་གིས་བརྗོད་དོན། ང་རྐང་རྩེད་སྤོ་ལོ་ལ་དགའ་བོ་ཡོད། ངས་རྩེད་འགྲན་དེ་བལྟ་རྒྱུ་རག་མ་སོང་། ངའི་སེམས་པ་ཧ་ཅང་སྐྱོ་སོང་། སྤོ་ལོ་རྩེས་ནས་ཕྱེད་ཙམ་ལ་ངས་ཉེན་རྟོགས་པ་ལ་ང་ཕྱིར་རྩེད་མོར་ལྟ་བ་འགྲོ་ཆོག་གམ་དྲིས་པས། ཁོ་ཚོས་ང་ཉེན་རྟོགས་ལས་ཁུང་དུ་འཁྲིད་ནས་རྗེས་སུ་གློད་གྲོལ་བཏང་སོང་། ང་སེམས་པ་སྐྱོ་སོང་། འོན་ཀྱང་ཉིན་གཉིས་གྱི་རྗེས་སུ་ངས་གང་བྱས་པ་བསམས་དུ་ང་རང་ཤིན་ཏུ་ནས་སྤོབས་པ་སྐྱེས་སོང་། ཞེས་གསུངས་ཡོད་པ་རེད།

བོད་དོན་ལས་འགུལ་བ་པེ་ཀོན་ལགས་ནས་ཐེངས་འདིའི་ལས་འགུལ་སྤེལ་བ་ནི་ཐོག་མ་མིན་པ་དང་། ༡༩༩༨ལོར་ཧྥི་རན་སིར་རྩེད་འགྲན་ཆེན་མོ་དེ་ཚོགས་སྐབས་སུའང་སྟོད་ཐུང་ཞིག་གི་རྒྱབ་སྟེང་དུ་ཏཱ་ལའི་བླ་མ་ཞེས་བྲིས་པ་གྱོན་ནས་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་གནང་མྱོང་ཡོད་པ་དང་སྐབས་དེར་ཡང་ཧྥི་རན་སི་ཡུལ་ལ་མཐའ་མའི་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་ཡོད་པ་བཅས་ཀྱི་གནས་ཚུལ་དུ།