15
Fri, Nov

༢༠༡༩ལོའི་ཟླ་༨་ཚེས་༣༠་ཉིན། བཞུགས་སྒར་རྡ་སའི་མེག་ཁི་ལོ་གྷན་ཇི་སྤྱི་ཐང་དུ། རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་མི་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་ཇི་ལྟར་འགྱུར་བཞིན་ཡོད་པའི་རྣམ་པ་དེ་འཁྲབ་སྟོན་གྱི་ལམ་ནས་བསྟན་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༣༠་ཉིན། བཞུགས་སྒར་རྡ་སའི་མེག་ཁི་ལོ་གྷན་ཇི་སྤྱི་ཐང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། བོད་མི་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་ཇི་ལྟར་འགྱུར་བཞིན་ཡོད་པའི་རྣམ་པ་དེ་འཁྲབ་སྟོན་གྱི་ལམ་ནས་བསྟན་སོང་།

དེ་ཡང་། གོང་ཚེས་ཕྱི་དྲོའི་ཆུ་ཚོད་༦་པའི་ཐོག རྡ་སའི་མེག་ཁི་ལོ་གྷན་ཇི་སྤྱི་ཐང་དུ། རྒྱ་གར་བ་དང་། བོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་ཁྲོད་ནས། བོད་མི་ཞིག་གིས་བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་མཐར་སྤྲོད་བྱོས་ཞེས་སྐད་འབོད་རྒྱག་སྐབས། དམག་ཆས་སྤྲས་པའི་ ་མི་ཁག་ཅིག་ཡོང་ནས་རྗེས་འདེད་དང་གཅར་རྡུང་། དེ་བཞིན་འཛིན་བཟུང་བྱས་ནས་ཁྲིད་པའི་རྣམ་པ་སྟོན་པའི་འཁྲབ་སྟོན་བྱས་ཏེ། བོད་མི་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་ཇི་ལྟར་འགྱུར་བཞིན་ཡོད་པའི་རྣམ་པ་དེ་གསལ་པོ་བསྟན་སོང་།

དེའི་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། ལོ་རྟག་པར། སྤྱི་ཟླ་༨་ཚེས་༣༠་ཉིན་ལ་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང། འཛམ་གླིང་གང་སར་མི་མང་པོ་ཞིག་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་འགྱུར་གྱི་ཡོད། དེར་བརྟེན། མི་དེ་ཚོར་གདུང་སེམས་མཉམ་སྐྱེད་དང་མི་མང་གཞན་ལ་གནས་ཚུལ་འདིའི་སྐོར་དྲན་སྐུལ་བྱེད་རྒྱུའི་ཆེད་དུ་ཡིན་ཞེས། ལས་འགུལ་འདི་སྤེལ་དགོས་དོན་བརྗོད་སོང་།

དེ་ནས་ཁོ་མོས་བོད་དང་རྒྱལ་སྤྱི་ཁག་ནས་མི་མང་པོ་ཞིག་འཛིན་བཟུང་དང་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པའི་སྐོར་བརྗོད་དོན། བོད་ནང་དུའང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལྟ་བུ་དགུང་ལོ་དྲུག་ནས་གར་སོང་ཆ་མེད་གྱུར་པ་རེད། དེ་བཞིན་བོད་ནང་དུ་བོད་མི་སྟོང་ཕྲག་མང་པོ་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་པ་དང། དེ་ནས་གར་སོང་ཆ་མེད་དུ་འགྱུརའགྲོ་ཡི་ཡོད། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཡང་དེ་འདྲ་འབྱུང་བཞིན་ཡོད་རེད། རྒྱ་གར་ནང་དུའང་དེ་འདྲ་ཡོད་རེད། མི་དེ་ཚོས་ཁྲིམས་འགལ་གྱི་ལས་ཀ་བྱས་ཡོད་མེད་གསལ་བོ་མ་ཆགས་གོང་ནས་འཛིན་བཟུང་དང་གར་སོང་ཆ་མེད་ཆགས་ཀྱི་ཡོད། ད་ལྟར་ཧོང་ཀོང་ནང་ལའང་དེ་ལྟར་འབྱུང་བཞིན་ཡོད་ཅེས་བརྗོད་སོང་།

དེར་བརྟེན། ང་ཚོས་མི་མང་ལ་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་དང་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་དྲན་གསོ་བྱེད་དགོས་པ་དང་། ཁོ་ཚོའི་ཆེད་དུ་ག་རེ་བྱེད་ཐུབ་ཀྱི་ཡོད་དམ། མ་འོངས་པར། གར་སོང་ཆ་མེད་དུ་གྱུར་བའི་མི་མི་འབྱུང་བའི་ཆེད་དུ། ང་ཚོས་ཐབས་ཤེས་དང་འབད་རྩོལ་གནང་དགོས། ཞེས་རེ་སྐུལ་ཞུས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།