18
Thu, Apr

ལུ་ཛམ་བྷོ་ནི་འགྲུལ་སྐྱོད་རིན་མེད་ཀྱི་རྒྱལ་ཁབ་ཐོག་མ་དེ་ཆགས་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༡ཚེས་༡༦ཉིན། ལུ་ཛམ་བྷོ་(Luxembourg)རྒྱལ་ཁབ་ནི་འཛམ་གླིང་ནང་མི་མང་ལ་འགྲུལ་སྐྱོད་རིན་མེད་སྤྲོད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་ཆགས་ཡོད་འདུག སླར་ཡང་གསར་ཏུ་འོས་འདེམས་བྱས་པའི་སྲིད་བློན་ས་ཝིེར་བྷེ་ཁྲིལ(Xavier Bettle)་དང་ཟླ་སྒྲིལ་གྱི་སྲིད་གཞུང་གིས་གསལ་བསྒྲགས་བྱས་པའི་ནང་དུ། ཁོང་ཚོས་ལོ་འདིའི་དབྱར་ཁ་ནས་སྣུམ་འཁོར་སོགས་འགྲུལ་སྐྱོད་བྱེད་པའི་སྐབས་སྤྲོད་པའི་གླ་ཆར་རོགས་རམ་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་དེའི་བཟོས་པའི་སྦགས་བཙོག་ཁ་སྒྱུར་གཏོང་བ་དང་། འཛམ་གླིང་ནང་མིག་དཔེ་གསར་བ་ཞིག་བསྟན་ནས་གུ་དོག་གི་འགྲིམ་འགྲུལ་ཉུང་དུ་གཏོང་བའི་རེ་བ་ཡིན་པར་བརྗོད་འདུག

ལུ་ཛམ་བྷོ་ནི་བྷད་ཇམ(Belgium)དང་ཇར་མན(Germany། ཧྥ་རན་སི་(France)་བཅས་ཀྱིས་སྐོར་ཡོད་པའི་རྒྱལ་ཁབ་ཅིག་ཞིག་ཡིན་པ་དང་། ལུ་ཛམ་བྷོ་ལ་ཁྱིམ་མཚེས་རྒྱལ་ཁབ་ཚོའི་དབར་རང་གནས་དང་ལས་ཡུལ་དབར་ཉིན་ལྟར་འགྲུལ་བཞུད་བྱེད་པའི་མི་འབུམ་༤་ལྷག་གི་ཡོད་པ་དང་། ལོ་འདིར་ལུ་ཛམ་བྷོ་ཡིས་ལོ་ངོ་༢༠འོག་ཡིན་པའི་མི་རྣམས་ལ་འགྲུལ་སྐྱོད་རིན་མེད་བྱས་ཡོད་འདུག འབྲིང་རིམ་སློབ་གྲྭའི་སློབ་མ་རྣམས་ཁྱིམ་ནས་སློབ་གྲྭ་བར་འགྲུལ་སྐྱོད་བྱེད་པ་ཡང་རིན་མེད་ཡིན་འདུག ལུ་ཛམ་བྷོ་ནི་ད་ལྟར་ཆར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ནང་ནས་མི་མང་ལ་རླུང་འཁོར་གྱི་གྲངས་ཀ་མང་ཤོས་ཡོད་པའི་རྒྱལ་ཁབ་དེ་ཡིན་འདུག

ལུ་ཛམ་བྷོ་ནང་ད་དུང་མེ་འཁོར་ནང་ལ་འགྲུལ་སྐྱོད་བྱེད་དུས་རིན་མེད་ཐོག་འགྲོ་ཆོག་པ་ཐག་གཅོག་བྱེད་ཚར་མེད་པ་དང་། མེ་འཁོར་ནང་ཆུ་ཚོད་གཉིས་ལས་མང་བ་འགྲུལ་སྐྱོད་བྱེད་སྐབས་ཡུ་རོབ་སྒོར་མོ་གཉིས་སྤྲོད་དགོས་པ་དང་། དེ་ནི་ཕལ་ཆེར་རྒྱལ་ཁབ་དེའི་ནང་ས་ཆ་ཚང་མ་སྐོར་ཐུབ་པ་ཡིན་འདུག ལུ་ཛམ་བྷོ་ཟླ་སྒྲིལ་ཚོགས་པས་བརྗོད་དོན་ལྟར་ན། ཁོང་ཚོས་འགྲུལ་པ་ཚོའི་འགྲུལ་སྐྱོད་ཁྲལ་བསྐྱུར་བཅོས་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེས་ཐག་རིང་འགྲུལ་བསྐྱོད་བྱེད་དགོས་པའི་འགྲུལ་པ་ཚོར་ཕན་ཐོགས་ཡོད་པ་བརྗོད་འདུག ༢༠༢༠ལོའི་འགོ་ནས་འགྲུལ་སྐྱོད་འཛིན་ཤོག་ཚང་མ་མེད་པ་བཟོ་རྒྱུ་ཡིན་པ་རེད་འདུག