18
Thu, Apr

༧གོང་ས་ཡུ་རོབ་ཏུ་ཆིབས་ཐོན་ཁར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ཚེས་༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་གི་སྔ་དྲོ་ལ་ཊི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མོ་སི་ཁོ་བོད་ཀྱི་ཐེབས་རྩ། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་གསོལ་འདེབས་ཞུས་དོན་ལྟར་ཕེབས་འཆར་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་ས་ནས་ཡུ་རོབ་ཏུ་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཡུ་རོབ་ཀྱི་ལི་ཐུ་ནི་ཡཱ་(Lithuania) རྒྱལ་ཁབ་ཀྱི་ཝི་ལན་ནིའུ་སི་(Vilnius)གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་བྱུས་(The Art of Happiness)ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་༡༦ དང་ ༡༧ བཅས་ཉིན་གྲངས་གཉིས་རིང་གི་སྔ་དྲོ་ལ་ཊི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མོ་སི་ཁོ་བོད་ཀྱི་ཐེབས་རྩ། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཅས་ནས་གསོལ་འདེབས་ཞུས་དོན་ལྟར། ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི་རྒྱལ་ས་རི་གྷ་(Riga)ནང་རྟེན་གཞི་བྱས་པའི་སྐོན་ཊོ་(Skonto)ཚོགས་ཁང་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་མི་མང་ལ་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་འཆར་ཡིན་འདུག