09
Mon, Dec

སྲིད་ཐར་དབང་རྒྱལ་ལགས་དང་ནོར་བཟང་སོགས།

བོད་ཀྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༩་ཚེས་༢༠་ཉིན། ཉེ་ཆར་རྒྱ་གཞུང་གི་རྒྱལ་སྟོན་མཛད་སྒོ་ཚོགས་ལ་ཉེ་བའི་སྐབས། རྒྱ་གཞུང་གིས་བཙན་དབང་གིས་རྒྱལ་དར་འཁྱེར་དགོས་པ་དང་སྟོད་གླུ་ལེན་བཅུག་པར་རྣམ་འགྱུར་ཡག་པོ་མ་བསྟན་པའི་དབང་གིས། བོད་ཁམས་ནག་ཆུ་རྟར་ཆེན་གྲོང་སྡེ་ཁུལ་དུ་བོད་མི་དྲུག་བཙན་ཁྲིད་བྱས་ཡོད་པ་དང་། ད་བར་ནང་མི་དང་འབྲེལ་བ་བྱུང་མེད་པ་རེད།

དེ་ཡང་། བོད་ནག་ཆུ་རྟར་ཆེན་ཡུལ་ཚོ་ཁྱབ་ཁོངས་སུ་ཡོད་པའི་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་བཅས་ནས། སྨན་པ་ཚེ་རྒྱལ་དང་། དབྱངས་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་ཟླ་འདིའི་ཚེས་༢༠་ནང་དུ། རྟར་ཆེན་ཤང་དུ་རྒྱ་གཞུང་གིས་སློབ་གསོ་ཡོང་དགོས་པར་བསྙད་ནས་བཙན་ཁྲིད་བྱས་ཡོད་པ་མ་ཟད། ད་ལྟའི་བར་དུ་ནང་མི་སུ་དང་འབྲེལ་བ་བྱེད་བཅུག་མེད་པ་དང་། ཁྱིམ་ནས་ཟ་མ་དང་ཉལ་ཆས་སོགས་བསྐྱལ་ཆོག་པའི་རེ་ཞུ་བྱས་ཀྱང་བཀག་འགོག་བྱས་པ་མ་ཟད། གལ་ཏེ་དེ་ལྟར་བྱས་ཚེ་ཉིན་གྲངས་ལྷག་མར་བཀག་ཉར་བྱ་རྒྱུ་ཡིན་པར་བརྗོད་འདུག

གོང་གི་མི་དེ་དག་ཁྲིད་དགོས་པའི་གནད་དོན་ནི། རྒྱ་གཞུང་ནས་རྒྱལ་སྟོན་བདུན་ཅུ་པ་ཚོགས་ལ་ཉེ་བའི་སྐབས་འདིར་ཡུལ་ལུང་མང་པོ་ཞིག་ལ་བཙན་དབང་གིས་རྒྱལ་དར་འཁྱེར་དགོས་པ་དང་སྟོད་གླུ་ལེན་དགོས་པ་སོགས་བྱེད་བཅུག་པ་ནང་བཞིན། ཁས་ལེན་ཡག་པོ་ཞིག་བྱེད་ཀྱི་མེད་པའི་རྐྱེན་གྱིས་ཡིན་པར་འགྲེལ་བརྗོད་བྱས་འདུག

སྨན་པ་ཚེ་རྒྱལ་ལགས་ནི་ཁོ་རང་གི་བཟའ་ཟླ་དཀར་དབྱངས་ཀྱི་ནད་གཡོག་བྱས་ནས་འདུག་སྐབས་སྨན་ཁང་ནས་ཁྲིད་སོང་བ་རེད་འདུག སྨན་པ་ཚེ་རྒྱལ་ནི་རྒྱུན་དུ་སེམས་བཟང་ཅན་གྱི་སྨན་པ་ཡུལ་ལུང་ལ་ཕན་ཐོག་ཆེ་བའི་མི་ཞིག་ཡིན་འདུག སྲིད་ཐར་དབང་རྒྱལ་ལགས་ནི་ཉེ་འཁོར་དུ་དཔལ་འབྱོར་ཞན་པའི་མི་ཚོར་ཟས་གོས་དང་དངུལ་སོགས་ཀྱིས་རོགས་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།