10
Mon, Aug

བསྟན་འཛིན་གྱི་ཉེ་པར།

བོད་ཀྱི་གསར་འགྱུར།
Typography

ད་ལམ་གྲྭ་བསྟན་འཛིན་ལགས་ཀྱི་ཁྲིམས་བཅད་དུས་ཡུན་ཚང་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་ཡོད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༥ཉིན་རྔ་བ་ཀི་རྟི་དགོན་གྱི་གྲྭ་བསྟན་འཛིན་ལགས་མི་ལོ་བདུན་གྱི་བཙོན་འཇུག་དུས་བཅད་ཡོངས་སུ་རྫོགས་ཏེ་གློད་གྲོལ་ཐོབ་ཡོད་འདུག ཡིན་ཡང་ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་ཁ་གསལ་ཅི་ཡང་མི་འདུག

གྲྭ་བསྟན་འཛིན་ལགས་ནི་ཕྱི་ལོ་༢༠༡༡་ལོའི་ཟླ་༤་བའི་ཚེས་༣་ཉིན་རྒྱ་གཞུང་གིས་ཆབ་སྲིད་གནད་དོན་འོག་འཇུ་བཟུང་བྱས་པ་དང་། དུས་ཡུན་ངེས་མེད་བཙོན་འཇུག་ཡུན་ཙམ་བྱས་རྗེས་མཐར་ལོ་བདུན་གྱི་ཁྲིམས་གཅོད་བྱས་ཡོད་འདུག ད་ལམ་གྲྭ་བསྟན་འཛིན་ལགས་ཀྱི་ཁྲིམས་བཅད་དུས་ཡུན་ཚང་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་ཡོད་ཀྱང་། ཁོང་མུ་མཐུད་དུ་དགོན་པར་སྔར་བཞིན་ཞུགས་ཆོག་མིན་སོགས་གནས་ཚུལ་གསལ་ཁ་མི་འདུག 

བོད་ཀྱི་ལོ་རྒྱུས་ཡིག་ཆ།