25
Thu, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༣།༡༣ཉིན་སྤེལ། ལོ་རྙིང་མཇུག་རྫོགས་གྲབ་སྐབས་སུ་བོད་ནང་གི་དགེ་འདུན་པ་ཆོས་མཆོག་ལགས་བོད་ས་གནས་ཀྱི་རྒྱ་ནག་ཉེན་རྟོགས་པས་བཙན་འཁྲིད་བྱས་ཤིང་། ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཞིག་འདི་ག་གསར་ཁང་དུ་འབྱོར་སོང་།

དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་བརྗོད་པར། ཕྱི་ལོ་ ༢༠༡༧ ཟླ་ ༡༢ པའི་ཟླ་མཇུག ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན། ཨ་མདོ་རྔ་པ་རུ་རྒྱལ་གཅེས་པ་དཀོན་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐབས་དེར། རྫ་སྨད་དབོན་པོ་དགོན་གྱི་དགེ་འདུན་པ་ཆོས་མཆོག་ལགས་དར་ལག་རྫོང་ནས་འཛིན་བཟུང་བྱས་ཏེ་ད་ལྟའི་བར་རྒྱུ་མཚན་ཁ་གསལ་གང་ཡང་བྱུང་མེད་པར་ལྷག་ཡོད་པ་མ་ཟད། ནང་མི་རྣམས་ཀྱིས་སེམས་ཁྲལ་དང་གནས་ཚུལ་གསལ་རྟོགས་ཆེད་དཀའ་ལས་གནང་ཀྱང་གསལ་ཁ་མེད་པ་མ་ཟད། ད་ལྟའི་ཆར་རྒྱལ་གཅེས་པ་ཁོང་གི་པར་ཀྱང་རག་ཐུབ་མེད་པ་བཅས།།