24
Wed, Apr

རྩོམ་པ་པོ་སོ་ལྟ་བའི་ཉེ་པར།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

རྒྱུས་ལོན་བྱས་པ་ལྟར་ན་རྩོམ་པ་པོ་སོ་ལྟ་བས་ཉེ་བའི་ལོ་ཤས་སྔོན་ནས་དྲ་ལམ་ལམ་འཕྲིན་སྟེགས་སོགས་སུ་རྩོམ་ཡིག་གམ་ཟིན་བྲིས་མང་པོ་སྤེལ་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥་ཉིན་གྱི་ཕྱི་དྲོར་ལན་ཀྲུའུ་གྲོང་ཁྱེར་གྱི་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟུར་སྦྱོང་གནང་གིན་པའི་རྩོམ་པ་པོ་པདྨ་རྒྱ་མཚོ་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཡོད་འདུག རྩོམ་པ་པོ་སོ་ལྟ་བའི་དངོས་མིང་ལ་པདྨ་རྒྱ་མཚོ་འབོད་པ་དང་ཁོང་གི་ཕ་ཡུལ་ནི་རྨ་ཆུ་རྫོང་དབན་བལ་ནས་ཡིན་འདུག ད་ལམ་ཁོང་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟུར་སྦྱོང་བྱེད་བཞིན་པའི་སྐབས་སུ་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་བར་ཁོང་འཛིན་བྱས་ནས་ཉིན་གྲངས་བཅུ་གཅིག་ཙམ་ཕྱིན་ཟིན་པ་དང་ཁོང་གང་དུ་བཀག་གཉེར་བྱས་ཡོད་མིན་སོགས་ད་དུང་གསལ་ཁ་ཅི་ཡང་མི་འདུག

རྒྱུས་ལོན་བྱས་པ་ལྟར་ན་རྩོམ་པ་པོ་སོ་ལྟ་བས་ཉེ་བའི་ལོ་ཤས་སྔོན་ནས་དྲ་ལམ་ལམ་འཕྲིན་སྟེགས་སོགས་སུ་རྩོམ་ཡིག་གམ་ཟིན་བྲིས་མང་པོ་སྤེལ་ཡོད་འདུག རྒྱ་གཞུང་གིས་དེའི་ནང་དུ་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག སྤྱིར་རྩོམ་པ་པོ་སོ་ལྟ་བ་ལགས་ནི་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་གཉེར་གནང་རྗེས། ཡུལ་ཤུལ་གྱི་སྒེར་གཉེར་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་རེད་འདུག