23
Tue, Apr

ཁུ་སིམ་གྱི་ནུས་པ།

སློབ་གསོ།
ཡིག་གཟུགས་སྒྲིག་ཆས།

མི་གཡོ་ཞིང་མི་སྨྲ་བའི་སེམས་ཁམས་མེད་ན་རིག་སྟོབས་ཅན་དང་བྱ་གཞག་མཐར་སྐྱེལ་བྱེད་པར་དཀའ་བ་ཡིན། མཁས་པ་ཚོས་དོན་རྐྱེན་ཆེན་པོ་གང་འདྲ་ཞིག་ལ་འཕྲད་ཀྱང་། སྔར་ལས་ལྷག་པའི་ངང་ནས་ཞི་ཞིང་གཡོ་མེད་ཀྱིས་གནས་པ་ཡིན། སེམས་ལྷོད་པོ་ཡོད་ན། ནང་སེམས་ཁམས་ལ་ཞི་བདེ་ཡོད་པ་མ་ཟད་གོ་སྐབས་ཀྱང་དམ་འཛིན་ཡག་པོར་བྱེད་ཐུབ།

ལྷིང་འཇགས་དང་ཞི་འཇམ་ངང་སོ་སོར་བསམ་ཞིབ་བྱས་ན། སེམས་ཁམས་ཀྱི་ནུས་པ་ཡོངས་རྫོགས་གཅིག་ཏུ་འདུས་ནས་འཐབ་རྒོལ་བྱེད་རྒྱུར་སླེབས་སྐབས་ཐེ་ཚོམ་མེད་པར་མགྱོགས་པོར་སྒྲུབ་ཐུབ།

ཤིང་བཟོ་བ་དང་ཆུ་ཚོད་ཀྱི་སྒྲུང།

ཤིང་བཟོ་བ་ཞིག་གིས་རང་ཉིད་ཀྱི་སྒོ་རའི་ནང་ནས་ལས་ཀ་བྱེད་བཞིན་ཡོད་ཅིང་། ཁོང་གི་ཚོང་ལས་དེ་ཧ་ཅང་རྒྱུག་པོ་དང་བྲིན་པོ་ཡོང་གི་ཡོད། ཞོགས་པ་ནས་དགོང་མོ་བར་སྒོ་རའི་ནང་སོག་ལེ་དང་ཐོ་བ་བཅས་ཀྱི་སྒྲས་ཁེངས་ཡོད་པར་མ་ཟད། ས་ཐོག་ཏུ་སོག་ཕྱེ་དང་ཤིང་དུམ་གྱི་གད་སྙིགས་ཀྱིས་ཀྱང་ཁེངས་ཡོད། ཉིན་ཞིག་གི་ཕྱི་དྲོར། ཤིང་བཟོ་བ་དེ་དང་ཁོང་གི་དགེ་ཕྲུག་གཉིས་པོས་སོག་ལེས་ཤིང་ཆེན་ཞིག་གི་སྒང་ནས་ཕར་འཐེན་ཚུར་འཐེན་བྱས་ནས་གཏུབ་པའི་སྐབས། ཤིང་བཟོ་བའི་ཆུ་ཚོད་དེ་སོག་ཕྱེའི་གད་སྙིགས་ནང་དུ་ལྷུང་བ་རེད།

དེའི་སྐབས་སུ་ཆུ་ཚོད་དེ་རིན་ཐང་ཅན་གྱི་དངོས་པོ་རུ་རྕིས་བཞིན་ཡོད་པས། ཤིང་བཟོ་བ་དང་ཁོང་གི་དགེ་ཕྲུག་གཉིས་ཀྱིས་ལམ་སང་མར་སྒུར་ནས་བཙལ་ཡང་ས་ཐོག་ཏུ་ཤིང་གི་གད་སྙིགས་ཀྱིས་ཁེངས་ཡོད་སྟབས་ཆུ་ཚོད་དེ་མ་རྙེད།

ལས་ཀ་གྲོལ་རྗེས། གང་ཙམ་ཞིག་ལ་ཁོང་གི་ཕྲུ་གུ་ཆུང་ཆུང་དེ་ཚུར་རྒྱུག་ཡོང་ནས་ ཨ་ཕ་ལྟོས་དང་ངས་ཁྱེད་ཀྱི་ཚོུད་དེ་རྙེད་སོང་ཞེས་བརྗོད།

ཕྲུ་གུ་དེས་ཨ་ཕ་ཁྱེད་ཚོ་ཚང་མ་ལས་ཀ་གྲོལ་རྗེས་ང་གཅིག་པུ་སྒོ་རའི་ནང་རྕེད་མོ་རྕེད་དུས་ལས་ཀ་བྱེད་མཁན་གྱི་སྒྲ་མེད་པས་ཁུ་སིམ་མེ་རེད་འདུག སྐབས་དེར་གློ་བུར་དུ་ཚེག་ཚེག་ཞེས་པའི་སྒྲ་གོ་བྱུང་བས་ཆུ་ཚོད་དེ་རེག་སོང་ཞེས་བརྗོད།

ཁྱེད་ཚོར་མི་ཚེའི་ནང་སྒྲུང་དེ་དང་འདྲ་བའི་གནས་ཚུལ་མང་པོ་ཞིག་དང་འཕྲད་ཀྱི་ཡོད་ཅིང་། དེའི་ནང་ནས་མང་དག་ཅིག་གི་དཀའ་ངལ་སེལ་བར་དཀའ་ལས་ཁག་པོ་ཡོད། སྐབས་དེར་སོ་སོའི་སེམས་དེ་དཀའ་རྙོག་ནང་ཚུད་པ་དང་སེམས་ཁམས་སུ་མི་བདེ་བ་ཡོང་ནས་གནས་ཚུལ་ཁག་ལ་གདོང་ལེན་བྱེད་པར་དཀའ། དེར་བརྟེན། ང་ཚོས་གནད་དོན་གང་འདྲ་ཞིག་བསྒྲུབས་ཀྱང་སེམས་ལྷོད་པའི་ངང་ནས་དེར་དཔྱད་ཞིབ་བྱས་པ་ཡིན་ན། གནས་ཚུལ་ཆེ་ཆུང་མེད་པར་ལེགས་པོའི་ངང་སྒྲུབ་ཐུབ་ངེས་ཡིན།