19
Fri, Apr

TORRENT ཞེས་པའི་མཚོན་རྟགས་པར་རས།

འཕྲུལ་རིགས།
ཡིག་གཟུགས་སྒྲིག་ཆས།

སྐབས་རེ་རང་ལ་དགོས་པའི་ཆ་འཕྲིན་ནམ་མཉེན་ཆས་རིགས་དྲ་རྒྱའི་ཐོག་བཙལ་ནས་རང་ གི་རྩིས་འཁོར་ནང་ཕབ་ལེན་བྱ་དགོས་པ་ཡོང་གི་ཡོད། ཆ་འཕྲིན་ནམ་མཉེན་ཆས་དེ་དག་ཆུང་ངུ་ཞིག་ཡིན་ན། དྲ་ངོས་ནས་ཐད་ཀར་ཕབ་ལེན་བྱ་ཐུབ། ཆ་འཕྲིན་དང་མཉེན་ཆས་རིགས་ཅུང་ཆེན་པོ་ཞིག་ཡིན་ན། (དཔེར་ན། ཉེ་ཆར་གསར་དུ་ཐོན་པའི་Adobe CS6 ཆ་ཚང་དང་། གློག་བརྙན་གསར་པ་Iron Man 3 ལྟ་བུ།) དེ་རིགས་ཕབས་ལེན་དཀའ་བ་དང་། བར་ཆད་མང་བ། ཕབ་ལེན་ཟིན་ཀྱང་ཡིག་ཆ་བེད་མེད་འགྱུར་བ་སོགས་ཡོང་གི་ཡོད།

དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་བའི་ཕབ་ལེན་བྱེད་སྟངས་དམིགས་བསལ་ཞིག་བཀོལ་གྱི་ཡོད་པས་དེ་ལ་ཊོ་རཎ་ཊི་(Torrent)ཞེས་པ་དང་ད་རེས་འདིའི་སྐོར་ངོ་སྤྲོད་ཞུ།

དྲ་རྒྱའི་ཁམས་འདིའི་ནང་ཆ་འཕྲིན་གྱི་ཡིག་ཆ་ཕོན་ཆེ་ཤོས་ཊོ་རེན་(torrent sites)དྲ་སྟེང་ཐོག་བཞག་ཡོད། ཊོ་རེན་འཚོལ་སའི་དྲ་ཚིགས་སྐད་གྲགས་ཡོད་པ་ནི། www.mininova.org དང་། http://www.isohunt.com, http://www.thepiratebay.org, http://www.torrentz.com, http://extratorrent.com སོགས་གྲངས་ལས་འདས། ཊོ་རེན་དྲ་ཚིགས་དེ་དག་ནང་གློག་བརྙན་དང་། གཞས། ཡིག་ཆ། དཔར། མཉེན་ཆས་ས་ཡ་བརྒལ་བ་ཡོད། རང་ཉིད་ཀྱིས་མ་འཚོལ་བ་མ་གཏོགས་མི་རེག་པའི་ཆ་འཕྲིན་ཧ་ལམ་མེད་ཟེར་ཡང་ཆོག

ཊོ་རེན་ཐོག་ཡོད་པའི་ཡིག་ཆ་རྣམས་དྲ་རྒྱའི་མཐུན་རྐྱེན་ལེགས་པོ་ཡོད་མཁན་ཚོས་དྲ་ཐོག་ཏུ་སུས་ཀྱང་ཕབ་ལེན་ཐུབ་ཆེད་བཞག་པ་ཞིག་ཡིན་པས། ཊོ་རེན་ཡིག་ཆ་ཡིན་ནོ་ཅོག་སྤུས་ཀ་ལེགས་པོ་ཡོད་པའི་ཁྱབ་པ་མེད། དེར་བརྟེན་སོ་སོས་རྒྱུན་མང་ཕབ་ལེན་བྱེད་པའི་ཉམས་མྱོང་དང་དྲ་གྲོགས་ཀྱི་སློབ་སྟོན། དེ་བཞིན་ཡིད་རྟོན་རུང་བའི་ཕབ་ལེན་བྱེད་ས་བཅས་ལ་གཞིགས་དགོས།

ཊོ་རེན་གྱི་དྲ་ཚིགས་ནས་ཊོ་རེན་ཕབ་ལེན་བྱེད་སྐབས་ཁྱེད་ལ་text file ཡིག་ཆ་ཞིག་ལོན་ཐུབ། ཕལ་ཆེར་ཡིག་ཆ་ཆེ་ཆུང་ KB ཁ་ཤས་ཡིན། ཡིག་ཆ་ཆུང་ཆུང་ཡིན་ཡང་དེའི་ནང་ཕབ་ལེན་ཇི་ལྟར་བྱ་དགོས་པ་དང་། ག་ནས་ལེན་དགོས་པ། གྲངས་གསོག་དང་རིམ་མཐུད་བྱེད་སྟངས་སོགས་འཁོད་ཡོད། ཡིག་ཆ་དེ་ཁ་འབྱེད་བྱེད་Torrent Client ཟེར་བའི་མཉེན་ཆས་སྤྱོད་དགོས།

གལ་ཏེ་ཊོ་རེན་དྲ་ཚིགས་ཤིག་ལས་4GB བྱས་པའི་གློག་བརྙན་ནམ། 600MB ཅན་གྱི་མཉེན་ཆས་རིགས་ཕབ་ལེན་དགོས་པ་བྱུང་ན་ཁྱེད་ཀྱིས་ངེས་པར་དུ་གཤམ་གྱི་Torrent Client མཉེན་ཆས་གང་རུང་གཅིག་རང་ཉིད་ཀྱི་རྩིས་འཁོར་ནང་ཡོད་དགོས། Bit Torrent v7.8 (1.07MB) Flash Get v3.7 (6.37MB) uTorrent v3.3.1 (960KB) Vuze v4.9 (7.25MB) Bitcomet v0.9 (5.1MB) གོང་གི་མཉེན་ཆས་དེ་དག་གི་བྱེད་ལས་གཅིག་པ་ཡིན། ཕབ་ལེན་གྱི་རྒྱུན་རིམ་མང་པོ་སྤྱད་དེ་ཕབ་མྱུར་བ་དང་། སྐབས་གསོག་བཀོལ་ནས་ཕབ་ལེན་ལ་བར་ཆད་བྱུང་ན་ཕབ་ཟིན་པ་དག་སྔུན་དུ་གསོག་ནས་ཕྱི་མ་ཕབ་ལེན་བྱ་སྐབས་སྔོན་གྱི་འཕྲོར་མཐུད་ནས་མུ་མཐུད་དུ་ཕབ་ལེན་བྱ་ཐུབ་པའི་ཁྱད་ཆོས་ལྡན། དཔེར་ན། དེ་རིང་གློག་བརྙན་ཞིག་བརྒྱ་ཆ་60% ལས་ཕབ་ལེན་མ་འགྲུབ་ན་སང་ཉིན་རྩིས་འཁོར་ཁ་ཕྱེ་ནས་ལྷག་མ་རྣམས་མུ་མཐུད་ནས་ཕབ་ལེན་བྱེད་པ་ལྟ་བུའོ།

དེར་བརྟེན་ཁྱེད་ཀྱིས་Torrent Client ཞིག་རྩིས་འཁོར་ནང་སྒྲིག་འཇུག་བྱས། དེ་ནས་གོང་ཊོ་རེན་དྲ་ཚིགས་ཞིག་གི་ངོས་ནས་ཡིག་ཆ་གང་འདོད་གཅིག་ཕབ་ལེན་གནང་དང་ཤེས་ངེས་ཡིན། དེ་མིན་རྩིས་འཁོར་ཤེས་བྱ་དང་མཉེན་ཆས་ཕབ་ལེན་དགོས་ན། ཟིན་བྲིས་གཞན་ཆ་ཚང་ https://sonamdawa.blogspot.com ཐོག་ཡོད།

ཡོང་ཁུངས། ཁ་བརྡ་དྲྭ་བ།