19
Fri, Apr

འཛམ་གླིང་ལ་གནོད་པའི་མི་རྒྱུད་གསར་པ་ཞིག་རྙེད་འདུག་ཟེར།

ཚན་རིག་ཤེས་བྱ།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༤་ཚེས་༢༡ཉིན་སྤེལ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཚན་རིག་པས་འཛམ་གླིང་ལ་གནོད་པའི་མི་རྒྱུད་ཅིག་གསར་རྙེད་བྱུང་ཡོད་པ་དང་། མི་རྒྱུད་དེ་འཛམ་བུ་གླིང་གི་ཚེ་སྲོག་གི་རྒྱུན་གནས་ལ་གནོད་པའི་སྐོར་བརྗོད་ཀྱི་འདུག

དེ་ཡང་། ཨ་རིའི་སློབ་ཆེན་(Minnesota)མི་ནི་སོ་ཏྲའི་ཉམས་ཞིབ་པའི་སྣེ་ཁྲིད་འོག དུག་ཤེད་ཅན་གྱི་མི་རྒྱུད་ཅིག་ངོས་འཛིན་གནང་ཡོད་ཀྱང་། མི་རྒྱུད་དེར་ལྡན་པའི་དུག་ཤེད་དེ་ད་སྔ་གང་ཞིག་གིས་ངོས་ཟིན་དང་སྔོན་འགོག་བྱེད་ཐུབ་ཀྱི་མེད་སྟབས། ཚན་རིག་པ་ཚོས་དེར་ཇི་ལྟར་གདོང་ལེན་བྱེད་པ་མ་ཤེས་པར་ལྷག་འདུག

གནད་དོན་འདིའི་ཐད་ལ་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པ། ཌ་ཝེ་སི་ལོ་གྷ་སི་ཌོན(Davis Logsdon)གྱིས་བརྗོད་དོན། མི་དེ་དག་ལ་གནས་ཚུལ་མཁོ་སྤྲོད་དང་རྒྱུད་གཏོང་གི་ནུས་པ་ཆ་ཚང་ལྡན་པར་མ་ཟད། རང་སྲུང་གི་ཆ་རྐྱེན་ཡང་ཧ་ཅང་འཛོམས་པོ་འདུག དེའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཤེས་ཀྱི་མི་འདུག

ཚན་རིག་པ་ཚོས་མི་རིགས་ལ་གནོད་ལ་མིའི་རྒྱུད་དེ་འགོག་ཐབས་ཀྱི་ལག་རྩལ་ཤེས་ཀྱི་མེད་ནའང་། གཞུང་ལུགས་དང་རྣམ་གཞག་གཞིར་བཟུང་ན། མི་རྒྱུད་དེ་དག་ལ་རྣ་བ་ལས་ཀླད་པར་འགྲོ་བའི་གནས་ཚུལ་དེ་འགོག་ཐུབ་པའི་ནུས་ལྡན་ཡོད་པར་བརྗོད། ཡང་། ཚན་རིག་པ་ཌ་ཝེ་སི་ལོ་གྷ་སི་ཌོན་གྱིས་བརྗོད་དོན། མིའི་ཤེས་ཚོར་གྱི་སྤྱིར་བཏང་གི་བྱེད་ལས་དེ་ཡོངས་སུ་ནུས་མེད་དུ་འགྲོ་བཞིན་ཡོད་འདུག

ཚན་རིག་པ་ཁོང་གིས་གནད་དོན་འདིའི་ཐད་ལ་སྐྱོ་སྣང་གི་སྒོ་ནས་འགྲེལ་བརྗོད་གནང་བ་དང་ལྷན་དུ། མ་འོངས་པར་གནད་དོན་འདི་དང་འབྲེལ་བའི་ཉེན་ཁ་མི་འོང་བའི་རེ་བ་ཡོད་སྐོར་བརྗོད།