22
Fri, Nov

ངྷ་སར་ཐང་ཁྲོམ་སྟོན་མཁན་སྐྱིད་པ་ལགས།

བཅར་འདྲི།
Typography

བཞུགས་སྒར་ངྷ་སའི་ཁྲོམ་སྟོན་ཚོང་ལས་པ་ཞིག་ལ་འདི་ག་གསར་ཁང་གི་ངོས་ནས་ཆེད་བཅར་བཅར་འདྲི་བྱས་ཏེ་བཙན་བྱོལ་ནང་གི་ཚོང་ལས་ཆེ་ཆུང་གང་ཡིན་གྱི་སྤུས་ཚད་མཐོར་འདེགས། མ་རྩ་གསོག་འཇོག རང་ཁ་རང་གསོའི་ཉམས་མྱོང་བརྒྱུད་བསམ་ཚུལ་དྲིས་ལན་དུ་གདབས་པ་གཤམ་གསལ་དུ་གཟིགས་པར་གྱིས།

༡༽ ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་སྐྱིད་པ་ཟེར་བཞིན་ཡོད། ང་སུ་ཇཱ་སློབ་གྲྭའི་སློབ་ཟུར་ཞིག་ཡིན། སུ་ཇཱ་སློབ་གྲྭ་ནས་ཐོན་རྗེས་ངས་མི་གཞན་གྱི་ཚོང་ཁང་དུ་ལས་ཀ་བྱས་པ་ཡིན། དེ་ནས་ངའི་བསམ་པར་མི་གཞན་པའི་འོག་ལ་ལས་ཀ་བྱེད་པ་ལས་རང་གིས་ཆེ་ཆུང་ལ་མ་བལྟས་པར་རང་ཁ་རང་གསོ་བྱེད་སའི་ཚོང་ཁང་ཞིག་གཉེར་ན་ཡག་པོ་འདུག་བསམས་ནས་ཐང་ཁྲོམ་ཚོང་ཁང་འདི་གཉེར་པ་ཡིན། ངས་ཚོང་ཁང་བཟུང་ནས་ཟླ་བ་དྲུག་ཙམ་ལས་ཕྱིན་མེད།

༢༽ ཁྱེད་རང་གིས་བསམ་ན་ཚོང་ལས་ཞེས་པ་འདི་བཟང་ངན་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ལན། ང་དང་ངའི་ནང་མིའི་འཚོ་བ་བརྟེན་ས་དང་འཚོ་ཐབས་གཙོ་བོ་དེ་ནི་ཚོང་ལས་འདི་ཡིན་པས་ང་རང་གིས་འགྲིག་འདུག་བསམ་གྱི་ཡོད།

༣༽  ཚོང་ལས་ཁྲོད་ནས་དཀའ་ལས་ཁག་ཤོས་དེ་ག་རེའི་ཕྱོགས་ནས་རེད་འདུག
ལན། དཀའ་ལས་ཁག་ཤོས་དེ་ཚོང་རྫས་ཁྲོམ་སྟོན་བྱེད་སར་འགྲོ་དུས་རེད། དེང་སང་རྒྱ་གར་གྱིས་GSTཟེར་བའི་གཞུང་ཁྲལ་ཁྲིམས་བཟོས་ཡོད་པས་ན། ཚོང་རྫས་ཁྲོམ་སྟོན་བྱེད་སའི་ལམ་ཁ་སོགས་ལ་རྒྱ་གར་གྱིས་ཁྲལ་རྒྱག་བཞིན་ཡོད་པ་རེད། ངས་ཚོང་རྫས་ལེན་ས་ནི་ལྡི་ལི་དང་བལ་ཡུལ། ལྷག་པར་དུ་ལོའུ་ཌིན་ཡ་ན་(Ludhiana)ནས་སྟོད་དཀྲིས་(Shawl)ཆེ་ཆུང་འདྲ་མིན་བླངས་ཏེ་ཁྲོམ་སྟོན་བྱེད་བཞིན་ཡོད།

༤ ༽ ཁྱེད་རང་གིས་བསམ་ན་བོད་པ་ཚོང་ལས་པ་ཆེན་པོ་དང་ཁེ་ལས་པ་རྒྱལ་སྤྱིའི་རང་བཞིན་ཅན་མང་པོ་ཡོང་མི་ཐུབ་པའི་རྒྱུ་མཚན་ག་རེ་རེད་བསམ་ཡོད།
ལན། ཚོང་ཆེན་པོ་གསེར་དང་བྱུ་རུ་སོགས་བཙོང་མཁན་གྱི་ང་ཚོའི་བོད་པ་མང་པོ་མེག་ལོར་McLeod་ལ་ཡོད་རེད། གཞན་པ་ཤེས་ཀྱི་མེད།

༥༽  ཁྱེད་རང་ལ་ཚོང་ལས་ཕྱོགས་ནས་བོད་པའི་སྤྱི་ཚོགས་ལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད།
ལན། ངས་བོད་པའི་སྤྱི་ཚོགས་ལ་ཞུ་རྒྱུ་མང་པོ་མེད། རེད་དེ་ང་ཚོ་སོ་སོས་ལས་ཀ་ཆེ་ཆུང་ལ་མ་བལྟས་པར་རང་ཁ་རང་གསོའི་ཕྱིར་ངོ་ཚ་དགོས་པ་གང་ཡང་མི་འདུག རང་ལས་རང་གིས་བྱ་རྒྱུ་དེ་དཔེ་གལ་ཆེན་པོར་མཐོང་གི་འདུག ཐུགས་རྗེ་ཆེ།

བཅར་འདྲི་མཁན་ཡེ་ཤེས་ལྷ་མོ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།