17
Tue, Sep

བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་༡༩༨༧ལོར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ས་རུ་ཞི་རྒོལ་སྒེར་ལངས་ཆེན་མོ།

ཆབ་སྲིད་རྩོམ་ཡིག
Typography

ཤམ་བྷ་ལའི་ཕོ་ན། ཕྱི་ལོ་༢༠༡༡ཟླ་༢༥ཉིན། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་དམ་པ་དེ་ཉིད་ཀྱིས་ཁོང་གི་ཡབ་དམ་པའི་དགོངས་དོན་བཞིན་སླར་ཡང་༼རང་བཙན་དང་རང་སྲིད་རང་སྐྱོང་གི་བདམས་ཁ་༽འོག རང་བཙན་དོན་དུ་གཉེར་ནས་འཐབ་རྩོད་བྱས་ཡོད།

ཕྱི་ལོ་༡༩༥༠ཡི་ཡར་སྔོན་དུ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ཕྱི་ལོ་༡༩༥༠ཟླ་༡༠པའི་ནང་རྒྱ་ནག་གུང་ཁྲན་ཏང་གི་དམག་དཔུང་གིས་དྲག་པོའི་ལམ་ནས་བོད་ཀྱི་ས་མཚམས་བརྒལ་བས་མ་ཚད། ༼ཆིངས་ཡིག་དོན་ཚན་༡༧༽ཟེར་བའི་གྲོས་ཆོད་དེར་བཙད་ཤེད་ཀྱིས་མིང་རྟགས་འགོད་དུ་བཅུག་ཡོད། གྲོས་ཆོད་དེའི་ནང༌། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ཕྱི་འབྲེལ་གྱི་གནད་དོན་ཕུད། དེ་མིན་བོད་རང་སྐྱོང་ལྗོངས་ཟེར་བ་དེའི་འཛིན་སྐྱོང་བོད་པ་རང་ཉིད་ཀྱིས་བྱ་རྒྱུ་དང༌། བོད་མིར་ཆོས་དད་རང་མོས་དང༌། རིག་གཞུང་སྲུང་སྐྱོབ། ཡུལ་སྲོལ་གོམས་གཤིས་རྒྱུད་འཛིན་བཅས་ཀྱི་རང་དབང་ཆ་ཚང་ཡོད་ལུགས་བཀོད་ཡོད།

འོན་ཀྱང་ཕྱི་ལོ་༡༩༥༦ལོར་རྒྱ་ནག་གུང་ཁྲན་ཏང་གིས་ཆིངས་ཡིག་གི་དགོངས་དོན་ཡོངས་སུ་བརྩིས་མེད་བཏང་རྐྱེན། ཕྱི་ལོ་༡༩༥༩ལོར་བོད་མི་རྣམས་ཀྱིས་རྒྱ་ནག་གུང་ཁྲན་ཏང་གི་བྱ་སྤྱོད་ལ་ངོ་རྒོལ་ཡ་ལངས་བྱས་པ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བོད་མི་༨༠༠༠༠ཙམ་རང་ཡུལ་དང་ཁ་བྲལ་ནས་རྒྱ་གར་སོགས་ཕྱི་རྒྱལ་གྱིལ་ལུང་པ་གང་སར་བཙན་བྱོལ་དུ་ཕེབས་དགོས་བྱུང་།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་འདས་པའི་ལོ་ངོ་༢༥རིང་འཚེ་མེད་ཞི་བའི་ལམ་ནས་རང་བཙན་འཐབ་རྩོད་བྱས་ཡོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲོད་དུའང་དུས་རིམ་གྱི་འགྱུར་བ་དང༌། བོད་མི་རིགས་དང༌། རིག་གཞུང་ལ་སོགས་པ་རྩ་སྟོང་འགྲོ་ཉེན་བཅས་ཀྱི་ཐུགས་འཚབ་འོག རྒྱ་ནག་གཞུང་ལ་བོད་རྒྱ་དཀའ་རྙོག་སེལ་བའི་ཐབས་ལམ་གཉིས་སྨན་༼དབུ་མའི་ལམ་༽དགོངས་འཆར་བཏོན་ཡོད། དགོངས་དོན་འདི་ཉིད་རྒྱ་ནག་གུང་ཁྲན་ཏང་གི་རྩ་ཁྲིམས་ཀྱི་དགོངས་དོན་ཁས་བླངས་བའི་ཐོག བོད་མིའི་ཚོ་གནས་དང་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། འོན་ཀྱང་བོད་མི་མང་པོ་ཞིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་འདི་ཉིད་ཕྱི་འཐེན་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད་ཀྱང༌། གཞིས་ལུས་བོད་མིའི་ཚེ་སྲོག་སྐྱོབ་ཆེད་༧གོང་ས་མཆོག་གིས་མུ་མཐུད་ནས་གཉིས་སྨན་དབུ་མའི་ལམ་ལ་འཐབ་རྩོད་གནང་གིན་ཡོད་པ་རེད།

བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བྱམས་སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་གནང་གི་ཡོད་པ་རེད། དེར་བརྟེན་མ་འོངས་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་ཇི་ལྟར་ཡང༌། བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཡོལ་བ་མེད་པའི་དད་གུས་ཤིག་ཡོད་པ་རེད། རྒྱ་རིགས་དང་ནུབ་ཕྱོགས་པ་མང་པོ་ཞིག་གིས་ཆབ་སྲིད་ཀྱི་ལམ་ཕྱོགས་མི་འདྲ་བ་དེའི་ཐོག་ནས། བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དེ་ཙམ་ཞུ་བཞིན་མེད་པར་འདོད་ཀྱི་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཕྱོགས་ནས་ཁོང་ལ་དད་འདུན་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཆབ་སྲིད་ཀྱི་ལམ་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་གྲུབ་ཐོག་ནས་གནས་ཚུལ་ཐ་དད་རེད།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཡང༌། གནས་རིམ་མཐོའི་རིན་པོ་ཆེ་ཞིག་རེད། འོན་ཀྱང་ཁོང་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྤུན་མཆེད་གཞན་དང་རྩ་བ་ནས་མི་འདྲ་བ་ཞིག་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་བཙན་རྩོད་སྐབས་དུས་ཡུན་ངེས་ཅན་ཞིག་འགོར་ཚེ། དུས་ཡུན་དེར་བོད་མིའི་ངོ་བོ་གཏན་བརླག་ཏུ་འགྲོ་ཉེན་ཆེ་བས། དེ་ལས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐེ་བའི་བོད་པའི་ངོ་བོ་སྲུང་སྐྱོབ་ཐུབ་ཆེད་དབུ་མའི་ལམ་ལ་འཐབ་རྩོད་གནང་རྒྱུ་ཐུགས་ཐག་བཅད་ཡོད།

སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གིས། གཞི་རྩ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐུབ་ཆེད། འཚེ་མེད་ཞི་བའི་ལམ་ནས་རང་བཙན་འཐབ་རྩོད་བྱ་རྒྱུ་དང༌། འདི་ནི་བོད་མིའི་འཚོ་བ་དང་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གཅིག་ཁོ་ན་དེ་གཟིགས་ཡོད། དེ་ནི་དད་པའི་སྐད་ཆ་ཞིག་མིན་པར་མཛངས་སྤྱོད་ཀྱི་དཔེ་མཚོན་ཞིག་ཆགས་ཡོད།

མགོ་རྙོག་གི་དྲི་བ་ནི། ༼བོད་མི་ཚོས་ནམ་ཡང་རང་ཉིད་རྒྱ་ནག་ལ་གཙོང་རྒྱུ་དེ་རེད་དམ། ཡང་ན་ཕམ་ཁའི་དམག་འཐབ་བྱེད་དགོས་པ་༽དེ་རེད། རང་ཉིད་༼རང་བཙན་ལ་ཡིད་ཆེས་༽ཡོད་མཁན་ཞིག་ཡིན་ཚེ་ཆོས་ལུགས་ཐོག་ནས་༧གོང་ས་མཆོག་ལ་དད་གུས་ཡོད་མེད་དང་འབྲེལ་བ་མེད། དེ་ནི་སོ་སོའི་ཐོབ་ཐང་དང་མང་གཙོའི་བདམས་ཁ་རེད།

ལོ་རྒྱུས་ནང་རྒྱ་ནག་གིས་བོད་མི་ས་ཡ་ ༡་༢ དམར་གསོད་བཏང་ཡོད་པ་དང༌། བོད་མི་ཁྲི་ཁྲག་མང་པོ་བཙོན་འཇུག་དང་མནར་གཅོད་བཏང་ཡོད། གཞན་ཡང་རྒྱ་ནག་གིས་རྡུལ་ཕྲན་གྱི་སྙིགས་རོ་བོད་ཀྱི་རྩ་ཆེ་བའི་མཚོ་དང་གཙང་པོའི་ནང་དུ་གཡུག་གི་ཡོད་པ་རེད། མ་ཚད་རྒྱ་ནག་གཞུང་གིས་དགུངས་ལོ་༦ལས་ཕེབས་མེད་པའི་ཡང་སྲིད་ཆུང་ཆུང་དེ་ཉིད་ཀྱང་འཛིན་བཟུང་བཙོན་འཇུག་བྱས་ཡོད།

བོད་མི་ནི་ཞི་བདེ་དང༌། ངང་རྒྱུད་རིང་པོ། སྣང་བ་སྐྱིད་པོ། ཆོས་དད་ཆེ་བའི་མི་རིགས་ཤིག་ཡིན། གནས་སྟངས་དེས་སོ་སོའི་སེམས་ཤུགས་ལ་བསླུ་བྲིད་ཐེབས་ཀྱི་ཡོད། སྔོན་མ་བོད་གཞུང་གི་རྩིས་དཔོན་དང་། རྩོམ་པ་པོ། ངོས་ཀྱི་ཡབ་དམ་པ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ནས་ཀྱང༌། ༼རང་བཙན་གྱི་ལམ་ཁ་བདམས་ཡོད་༽རྒྱུན་མཚན་ནི་རིན་ཐང་བྲལ་བའི་རང་ཉིད་ཀྱི་རྒྱལ་ཁབ་སླར་གསོ་དང༌། རང་ཉིད་ཀྱི་བུ་ཕྲུག་ཐེ་བའི་བོད་མི་མང་རྒྱ་ནག་གུང་ཁྲན་ཏང་གི་འོག་ཏུ་སྡུག་བསྔལ་མྱང་བཅུག་འདོད་མེད་པ་དེ་རེད། ངོས་ཀྱིས་ཀྱང་༼རང་བཙན་གྱི་ལམ་ཁ་༽འདི་བདམས་པ་ཡིན། ངོས་ཀྱི་ཡབ་དམ་པ་ནི་སྲས་འཇིགས་མེད་ནོར་བུ་ལྟར་༼རང་བཙན་༽གྱི་དོན་དུ་སྐུ་གྲོངས་ཡོད་ལ། ཁོང་གི་ཡབ་དམ་པ་སྟག་འཚེར་རིན་པོ་ཆེ་མཆོག་གི་གཙོས་པའི་གཞན་བོད་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་ཀྱང་རང་བཙན་གྱི་ཆེད་དུ་སྐུ་གྲོངས་ཡོད་པ་རེད།

རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་དྲན་རྟེན་ཐེབས་རྩ་ཁང་གི་འགན་འཛིན་ཞྭ་སྒབ་པ་ཚུལ་ཁྲིམས་ཀྱིས་བྲིས།། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།