18
Thu, Apr

སྣུམ་སྲེག་ཟས་རིགས་ཟོས་ན་ཚེ་སྲོག་ལ་ཉེན་ཁ་ཆེ།

བཟའ་བཏུང་།
ཡིག་གཟུགས་སྒྲིག་ཆས།

འཕྲོད་བསྟེན་སྡེ་ཚན་གྱིས་བཏོན་པའི་ཞིབ་འཇུག་འབྲས་བུའི་སྙན་ཐོ་ནང་དུ། ཉིན་རེར་སྣུམ་སྲེག་བྱ་ཤའི་རིགས་ཟོས་ན་བརྒྱ་ཆ་༡༣ལྷག་སྲོག་ལ་ཉེན་ཁ་ཆེ་བ་ཡོད་པར་བཀོད་འདུག

བརྟག་དཔྱད་བྱས་པ་ལྟར་ན། བུད་མེད་ཉིན་རེར་སྣུམ་སྲེག་བྱ་ཤ་གཅིག་གམ་དེ་ལས་མང་བ་ཟ་མཁན་དང་མི་ཟ་མཁན་བར་ལ་བརྒྱ་ཆ་༡༣་གྱིས་སྲོག་ལ་ཉེན་ཁ་ཡོང་བའི་ཁྱད་པར་ཡོད་པར་བརྗོད་འདུག ཕན་པའི་ཟས་རིགས་གནོད་འཚེ་ཅན་དུ་འགྱུར་གྱི་ཡོད།བེའུ་ཡིས་ཚན་ཁག་ནས་ལོ་༥༠ནས་༧༩བར་གྱི་བུད་མེད་༡༠༧༠༠༠ལྷག་ལ་ཟས་ཀྱི་གོམས་གཤིས་ཐད། ཨ་རིའི་སྨན་ཁང་ཆུང་རིགས་༤༠ཙམ་ལ་སྤྱི་ལོ་༡༩༩༣ནས་༡༩༩༨བར་བརྟག་དཔྱད་བྱས་ཡོད་པ་དང་། ལོ་ངོ་༡༨་ཙམ་རིང་ཞིབ་འཇུག་བྱས་ཡོད།

ཞིབ་འཇུག་སྐབས། བུད་མེད་ཚོས་ཟས་ཀྱི་དྲི་རྩད་རེའུ་མིག་ཆ་ཚང་འགེངས་པ་དང་། དེའི་གནད་དོན་ཐད་ཀྱི་དྲི་བ་༡༢༢ནི་ཟས་གྲོན་ཆེ་ཆུང་གང་འདྲ་ཡིན་མིན་དང་། དེའི་ནང་ཟས་རིགས་བྱ་ཤ་དང་ཉ་ཤ་སྣུམ་སྲེག་ཞོག་ཁོག་བརྔོས་མ་ཨ་ཞོམ་བཅས་ཚུད་ཡོད། འཆི་འདས་གྲངས་ཚད་དང་། ཤེས་ཡོན་ཆུ་ཚད་དང་གླ་ཆ། ཟས་ཚོད་བཅས་དང་འབྲེལ་བའི་གནད་དོན་གཞན་རྣམས་ཚན་ཁག་དེ་ནས་ཞིབ་འཇུག་བྱས་ཡོད་འདུག

ཞིབ་འཇུག་པས་ཉིན་རེར་སྣུམ་སྲེག་ཟས་རིགས་ཉིན་གཅིག་གམ་གཅིག་ལས་མང་བ་ཟ་མཁན་གྱི་བུད་མེད་ཚོར་ནད་གཞི་འདྲ་མིན་ན་བའམ་ཡང་ན་སྙིང་ནད་ན་བར། སྣུམ་སྲེག་ཟས་རིགས་མི་ཟ་མཁན་དང་བསྡུར་ན་སྣུམ་སྲེག་རིགས་ཟ་མཁན་ནི་བརྒྱ་ཆ་༨ཙམ་གྱིས་སྲོག་ལ་ཉེན་ཁ་ཆེ་བ་ཡོད་འདུག ཞིབ་འཇུག་རྒྱུད་ནས་ཤེས་རྟོགས་བྱུང་བར་ལྟར་ན། བྱ་ཤ་སྣུམ་སྲེག་ཟས་རིགས་ཀྱི་བརྒྱ་ཆ་༡༣གྱིས་སྲོག་ལ་ཉེན་ཁ་ཆེ་བ་དང། བརྒྱ་ཆ་༡༢་ཀྱིས་སྙིང་ནད་དང་འབྲེལ་བའི་ནད་སློང་ཉེན་ཆེ་བ། ད་དུང་ཉ་ཤ་སྣུམ་སྲེག་ཟས་རིགས་ལ་བརྟེན་ན་སྙིང་ནད་དང་སྲོག་ལ་འབྲེལ་བའི་ཉེན་ཁ་བརྒྱ་ཆའི་ངོས་ནས་༧དང་༡༣་ཆགས་ཀྱི་ཡོད། འོན་ཀྱང་དེར་སྐྲན་ནད་ཀྱི་འཆི་བ་དང་སྣུམ་སྲེག་ལོངས་སུ་སྤྱོད་མཁན་བར་དམིགས་གསལ་གྱི་འབྲེལ་བ་མེད།

བེའུ་ཡིས་བཤད་གསལ་འཕྲོད་བསྟེན་ལ་གནོད་འཚེ་ཆེ་ཤོས་ནི་སྣུམ་སྲེག་ཟས་རིགས་ཆགས་ཀྱི་ཡོད། དེ་ཡང་ཉ་ཤས་སྙིང་ཁམས་དང་ཁྲག་རྩའི་ནད་ལ་ཕན་ཡང་གལ་སྲིད་སྣུམ་ནང་སྲེག་ན་དེས་ཕན་ནུས་དེ་གནོད་པའི་རྒྱུ་རུ་འགྱུར་བ་ཡིན།

བེའུ་ཡིས་སྣུམ་སྲེག་ཟས་རིགས་ཟ་མཁན་ཕོ་མོ་དབྱེ་བ་མེད་པར་ཕོ་ལ་ཡང་རྟག་དཔྱད་བྱེད་ཆོག་ཟེར། སྣུམ་ནང་རྒྱུད་རིང་སྲེག་པའི་སྟབས་བདེ་ཟས་རིགས་ནང་སོ་དྲམ་(sodium)མང་བས་ནད་གཞིའམ་སྲོག་ལ་ཉེན་ཁ་ཆེ།

ཞིབ་འཇུག་པས་བཤད་གསལ། ཨ་རིའི་མི་མང་ཆེ་བ་སྟབས་བདེའི་ཟ་ཁང་ནང་མགྱོགས་ཟས་ཟ་རྒྱུར་དགའ་བས་དེའི་རིགས་ཀྱི་ཟས་རྣམས་སྣུམ་ནང་རྒྱུད་རིང་སྲེག་པས་གནོད་འཚེ་ཆེ། དེ་ལས་རང་ཉིད་ཀྱི་ཁྱིམ་དུ་ཟ་མ་བཟོས་ན་ལེགས་ཤིང་། སྣུམ་རྙིང་པ་ཉུང་སྤྱོད་གནང་ན་ན་དགའ་ཟེར།བེའུ་ཚན་ཁག་གིས་སྣུམ་སྲེག་ཟས་རིགས་ཉུང་ཙམ་ཟོས་ན་འཕྲོད་བསྟེན་ལ་ཕན་པ་ཡོད་པར་བརྗོད་འདུག