18
Thu, Apr

བོད་ཀོང་པོའི་ལོ་རྒྱུས་རིང་ཤོས་ཀྱི་ཤུག་སྡོང་།

སྐྱེ་དངོས་རིག་གནས།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༨་ཚེས་༡༤་ཉིན་སྤེལ། ཉེ་ཆར་བོད་ཉིང་ཁྲིའི་ས་ཁུལ་དུ་ཡོད་པའི་ཤིང་སྡོང་ཞིག་ལ་འཛམ་གླིང་གི་ཤིང་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དུ་རིང་ཤོས་འཛམ་བུ་གླིང་གི་ཟིན་ཐོ་བཀོད་པའི་དཔང་ཡིག་སྤྲོད་པའི་མཛད་སྒོ་ཞིག་སྤེལ་ཡོད་འདུག

དེའང་མཛེས་ལྗོངས་ཁུལ་གྱི་ལོ་ངོ་༣༢༠༠་ལྷག་གི་ལོ་རྒྱུས་ལྡན་པའི་ཤུག་སྡོང་ཆེ་ཤོས་(ལྷ་ཤིང་ཤུག་པ)་དེ་འཛམ་གླིང་ཟིན་ཐོའི་བདེན་དཔང་ལས་ཁུངས་(WRCA)་ཀྱིས་འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང་ཞེས་པ་ལ་ངོས་འཛིན་བྱས་འདུག

དེ་ཡང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་ཁུལ་རིག་གནས་ཡུལ་སྐོར་ལས་ཁུལ་ནས་ཤེས་རྟོགས་བྱུང་བར། འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང་འདི་ནི། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་གནའ་ཤིང་ཤུག་པའི་གྲས་ཤིག་ཡིན་ལ་བོད་ཀྱི་དམིགས་བསལ་གྱི་ཤུག་པ་རྩ་ཆེན་གྱི་གྲས་ཤིག་ཀྱང་ཡིན་པ་རེད། ཤུག་པ་དེའི་སྦོམ་ཚད་ལ་སྨི་(༡༤་ཚགས་༨)་དང་། མཐོ་ཚད་ལ་སྨི་(༥༧)་ཤུག་པའི་ཡལ་འདབ་ཀྱི་གྲིབ་སོ་ས་ལ་བབས་པའི་རྒྱ་ཁྱོན་ལ་མུའུ་(༡)ལྷག་ཙམ་ཡོད་འདུག

ཤེས་རྟོགས་བྱུང་བར། འཛམ་བུ་གླིང་གི་ལོ་རྒྱུས་རིང་ཤོས་ལྡན་པའི་ཤུག་སྡོང་ཞེས་པ་དེའི་རྒྱབ་ཏུ་ཤུག་སྡོང་གི་ཚལ་ཞིག་ཡོད་པ་དང་། དེར་ཤུག་སྡོང་(༡༠༠༠)་ལྷག་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི(༡༠)་ཙམ་ཡོད་པ་དེ་རྐང་རྩེད་སྤོ་ལོའི་ཐང་ཆེན་(༡༤)་ཙམ་གྱི་རྒྱ་ཁྱོན་དང་མཚུངས་ཤིང་། དེ་ནི་མིག་སྔར་བོད་ནས་ཤེས་རྟོགས་བྱུང་བའི་གཞི་རྒྱ་ཆེ་ཤོས་ཀྱི་ཤུག་པའི་ཚལ་ཞིག་ཡིན་པ་རེད།

རི་སྐྱེས་ཤུག་སྡོང་ནི་རང་བྱུང་ཁམས་ཀྱིས་མི་རྣམས་ལ་སྤྱིན་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ཞིང་། ད་ཐེངས་འཛམ་གླིང་གི་ཟིན་ཐོ་བཀོད་པའི་བདེན་དཔང་དེས་ཤུག་སྡོང་རྒྱལ་པོ་ཞེས་པ་འཛམ་གླིང་རིམ་པའི་མིང་ཐོར་དངོས་སུ་ཚུད་ཡོད་འདུག དེས་སྔར་ལས་ལྷག་པའི་སྒོ་ནས་ཉིང་ཁྲིའི་འཛམ་གླིང་ཤུག་སྡོང་རྒྱལ་པོའི་ཚལ་དུ་ཡུལ་སྐོར་བྱ་ཡུལ་ཕུལ་སུམ་ཚོགས་སུ་ཕྱིན་ཡོད་ལ། མཛེས་ལྗོངས་ས་ཁུལ་དེ་བོད་ནང་ཙམ་མ་ཟད། རྒྱལ་སྤྱིའི་ཐོག་མིང་གྲགས་ཀྱང་ཆེ་རུ་ཕྱིན་ཡོད།

ཀོང་ན་ཆུང་བཙུན་པའི་འཕྲིན་སྟེགས་ལས་བླངས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།