ཡུན་རིང་ཁ་བས་བཀླུབས་པའི་མི་ཡུལ་འདིར།
དཔྱིད་ཀ་སླེབས་རན།
གཟིགས་དང༌།
བསིལ་རླུང་ལྡང་བྱུང༌།
རླུང་ལ་དགུན་དུས་ཀྱི་གྲང་ངར་མི་འདུག

གཟིགས་དང༌།
ཁ་བ་དང་འཁྱགས་རུམ་བཞུར་གིན་འདུག
བཞུར་ཆུ་ནི་རང་དབང་ཐོབ་པའི་མི་བཞིན་གང་སར་རྒྱུག
ཡང་གཟིགས་དང༌།
རྩྭ་རྩི་ཤིང་ཡོད་དགུ་ཚེ་སྲོག་གི་གསོན་ཤུགས་རྒྱལ་འདུག
དེ་ནི་དཔྱིད་ཀ་ཡི་རྣམ་འགྱུར་མ་རེད་དམ།
གྲོགས་པོ་ཚོ།
ད་དཔྱིད་དཔལ་ཤར་ལ་ཉེ་བས།
ང་ཚོ་ཡང་གསོན་ཤུགས་དགོས་ངེས་ལགས།