20
Sat, Apr

འདི་ལོའི་སྤྱི་ཟླ་དགུ་པ་ནི་ཆེས་ཚ་ཤོས་ཀྱི་ཟླ་བ་ཆགས་འདུག པར། བརྒྱུད་ལམ།

ཆེད་བསྒྲིགས།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༨ཉིན་སྤེལ། འདི་ལོའི་ཟླ་༩་པ་ནི་འཛམ་གླིང་ནང་དུ་ཆེས་ཚ་ཤོས་ཀྱི་ཟླ་བ་དེ་ཆགས་ཡོད་པའི་སྐོར་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་ཐོན་འདུག འདི་ནི་མིས་བཟོས་པའི་བཙོག་རླུང་རྐྱེན་གྱིས་གནམ་གཤིས་འགྱུར་ལྡོག་ཕྱིན་ཡིན་པར་ཚན་རིག་པས་འགྲེལ་བརྗོད་བྱས་འདུག

དེ་ཡང་། ཟླ་འདིའི་ཚེས་༧ཉིན། ཡུ་རོབ་མཐུན་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཁང་གིས་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ། འདི་ལོའི་ཟླ་༩་པ་ནི་ལོ་སྔོན་པ་ལས་གནས་གཤིས་ཚ་དྲོད་༠.༠༥་ཚ་རུ་ཕྱིན་ཡོད་ནས། འཛམ་གླིང་ནང་དུ་ཆེས་ཚ་ཤོས་ཀྱི་ཟླ་བ་དེ་ཆགས་འདུག ཡུ་རོབ་ཁུལ་དང་། ཨོ་གླིང་། དབུས་ཤར་ཨེ་ཤེ་ཡ་སོགས་བཅས་འཛམ་གླིང་སྤྱིའི་ཚ་དྲོད་སྔ་ལས་ཆེ་བར་ཕྱིན་ཡོད་པར་ཐོན་འདུག

ལོ་སྔོན་མར། ཨོ་གླིང་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་དང་། འདི་ལོ་ཨ་རིའི་ཁ་ལི་ཧྥོ་ནི་ཡ་ལ་མེ་སྐྱོན་ཚབས་ཆེན་བྱུང་བ། གཞན་ས་ཆ་མང་པོར་རང་བྱུང་གི་གོད་ཆག་བྱུང་དང་འབྱུང་བཞིན་པ་བཅས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་གནས་གཤིས་ཚ་དྲོད་འཕེལ་བར་བརྟེན་ནས་བྱུང་བ་ཡིན་པར་ཚན་རིག་པས་འགྲེལ་བརྗོད་བྱས་འདུག

འདི་ལོ་ཨུ་རུ་སུར་ཡོད་པའི་སི་བྷེ་རིན-ཨར་ཊི་ཁི( Siberian Arctic) ཞེས་པར་ད་སྔ་བྱུང་མྱོང་མེད་པའི་གནམ་གཤིས་ཚ་དྲོད་འཕེལ་ཡོད་རྐྱེན། ས་ཆ་དེའི་འཁྱགས་རོམ་ཧ་ཅང་མགྱོགས་པོ་ཞུ་ཡི་ཡོད་འདུག ཚན་རིག་པས་དབྱར་ཁར་འཁྱགས་རོམ་ཆ་ཚང་བཞུ་སྲིད་པ་རེད། ཅེས་འགྲེལ་བརྗོད་འདུག

དེ་བཞིན། འདི་ལོ་ཨ་རིའི་ཁ་ལི་ཧྥོ་ནི་ཡ་འཛམ་གླིང་ནང་ཚ་དྲོད་ཆེ་ཤོས(༥༤.༤)ཉིན་མོ་བྱུང་ཡོད་པ་མ་ཟད། དེར་མེ་སྐྱོན་ཆེན་པོ་ཡང་བྱུང་ཡོད། གཞན་ཡང་། འདི་ལོ་ཧྥ་རན་སིར་ལོ་ངོ་༡༠༠་ནང་དུ་བྱུང་མ་མྱོང་བའི་ཆར་བ་ཤུགས་ཆེན་བཏང་ནས་ས་ཆ་ཁག་ཅིག་གཏོར་བཤིག་བཏང་ཡོད་འདུག ད་དུང་། དབྱིན་ཇི་ནང་དུའང་གནམ་གཤིས་ཚ་དྲོད་ཆེ་ཤོས་ཀྱི་དཔྱིད་ཀ་བྱུང་འདུག འཛམ་གླིང་ས་ཆ་མང་པོ་ཞིག་ལ་གནམ་གཤིས་རྒྱུན་ལྡན་མིན་པ་ཆགས་ཡོད་འདུག

ས་གོ་ལའི་གནམ་གཤིས་ཚ་དྲོད་འཕེལ་བར་བརྟེན་ནས་འཛམ་གླིང་མང་པོར་མེ་སྐྱོན་དང་། ཐན་པ། ཆུ་ལོག རླུང་འཚུབ་དྲག་པོ་བཅས་བྱུང་དང་འབྱུང་བཞིན་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།