15
Wed, Aug
22 New Articles

རྒྱན་འགྱེད་མཁན།

གསར་འགྱུར་གཞན།
Typography

ཁྲིམས་འགལ་རྒྱན་འགྱེད་མཁན་༡༨འཛིན་བཟུང་བྱས་ཡོད་འདུག

ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་༥ཚེས་༡༦ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ལྷ་སའི་སྣེའུ་གཞིས་སྡོད་ཁུལ་དུ་མི་མང་བསྐོངས་ནས་རྒྱན་འགྱེད་པའི་རྒྱན་ཁང་ཞིག་རྩད་ཆོད་བྱུང་བ་མ་ཟད། ཁྲིམས་འགལ་རྒྱན་འགྱེད་མཁན་༡༨འཛིན་བཟུང་བྱས་ཡོད་པ་དང་། རྒྱན་དངུལ་ཡང་འབོར་ཆེན་རྩད་ཆོད་བྱུང་འདུག

ད་ལོའི་སྤྱི་ཟླ་༡ཚེས་༢༩ཉིན། སྤྱི་བདེ་པུའུ་ཡིས་པེ་ཅིང་དུ་བརྙན་འཕྲིན་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གོམ་གང་མདུན་སྤོའི་ངང་རྒྱན་འགྱེད་པའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་དང་། རིམ་ཁག་སྤྱི་བདེ་ལས་ཁུངས་ནས་རྒྱན་འགྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

གསལ་བསྒྲགས་ཀྱི་ས་མིག