18
Thu, Jul

རྒྱ་ནག་གིས་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་སྤྱད་ནས་རྒྱ་གར་ལ་སོ་ལྟ་བྱས་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༦་ཚེས་༡༩་ཉིན། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་བོད་བརྒྱུད་ནས་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་བེད་སྤྱོད་བཏང་ནས་རྒྱ་གར་ལ་སོ་ལྟ་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་གར་ལ་ཉེན་ཁ་ཞིག་ཆགས་ཡོད་པར་བརྗོད་འདུག

དེ་ཡང་། རྒྱ་ནག་གིས་བོད་ནང་དུ་བཙུགས་ཡོད་པའི་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་བེད་སྤྱོད་བཏང་ནས་རྒྱ་གར་ལ་སོ་ལྟ་བྱེད་བཞིན་ཡོད་པ་དེ་འཁོར་སྐར་བརྒྱུད་ནས་རྟོགས་ཡོད་ཅིང་། འཁོར་སྐར་གྱིས་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་དེ་རྒྱ་གར་ནང་སླེབས་ཡོད་པ་དེར་པར་ཡང་བརྒྱབ་ཡོད་འདུག

རྒྱ་ནག་ལ་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་དྲུག་ཡོད་པར་བརྗོད་འདུག་ཅིང་། དེའི་ནང་ནས་གཉིས་བོད་ནང་དུ་ཡོད་པར་མ་ཟད། རྒྱ་གར་དང་ཐག་ཉེ་བའི་ས་མཚམས་སུའང་ཡོད་འདུག གཅིག་ནི་བོད་དབུས་ཉིང་ཁྲི་རུ་ཡོད་པ་དང་། གཉིས་པ་ནི་བོད་དབུས་འདམ་གཞུང་གི་ནུབ་བྱང་ཕྱོགས་སུ་གནས་པའི་གནམ་མཚོ་ལ་ཡོད་འདུག གཉིས་པ་དེ་གསར་དུ་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་རྒྱ་གར་ནང་ལ་སོ་ལྟ་བྱེད་ཆེད་བེད་སྤྱོད་བྱེད་བཞིན་པ་རེད་འདུག

༢༠༡༧ལོར་རྒྱ་གར་དང་རྒྱ་ནག་གཉིས་བར་འབྲོག་ལམ་ས་མཚམས་ཀྱི་རྙོག་དྲ་བྱུང་བའི་སྐབས་སུ། ཉིང་ཁྲིར་ཡོད་པའི་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་དེས། རྒྱ་གཞུང་གི་དམག་དཔུང་དང་མཁའ་དམག་བཅས་ལ་དེའི་སྐོར་ནས་གནས་ཚུལ་རྒྱུས་ལོན་བྱས་ཆེད་ཕན་ཐོགས་བྱུང་སྐོར་བརྗོད་འདུག

༡༩༩༠ལོ་ནས་བཟུང་། རྒྱ་གཞུང་གིས་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་ལ་དོ་སྣང་བྱེད་འགོ་བཙུགས་ཡོད་ཀྱང་། ༢༠༡༠་དང་༢༠༡༡་བར་མ་གཏོགས། རྒྱ་ནག་གིས་ཨུ་རུ་སུ་ནས་ཚད་མཐོའི་འཕྲུལ་རིག་ཅན་གྱི་སྒང་ཕུག་མ་ལག་དེ་རེག་མེད་པ་རེད།

སྒང་ཕུག་དེའི་བྱུང་རབས་ནི་འདི་ལྟར་ཡིན་འདུག་སྟེ། སྔ་མོར་སྒང་ཕུག་དེ་བེད་སྤྱོད་བཏང་ནས་དམག་འཐབ་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད་འདུག དང་པོ་དེ་ཧྥ་རན་སིས་ཨོ་སུ་ཁྲི་ཡའི་དམག་དོན་གྱི་གནས་ཚུལ་རེག་ཐབས་ཆེད་དུ་བེད་སྤྱོད་བཏང་ཡོད་འདུག དེ་ནས་ཨ་རི་དང་། དབྱིན་ཇི། འཇར་མན་སོགས་ཀྱིས་བེད་སྤྱོད་བཏང་ཡོད་འདུག

རྗེས་སུ་དམག་དོན་ཁོ་ནའི་ཆེད་དུ་བེད་སྤྱོད་བཏང་བར་མ་ཟད། ཁྲིམས་འགལ་གྱི་ལས་དོན་དཔེར་ན་བཟི་སྨན་ནག་ཚོང་སོགས་ཀྱི་སྐོར་ཤེས་ཐབས་ཆེད་དུའང་བེད་སྤྱོད་གཏོང་གི་ཡོད་འདུག

གསལ་བསྒྲགས་ཀྱི་ས་མིག