20
Sat, Apr

རྒྱ་གར་གྱི་སྲིད་བློན་ཟུར་པ་ཨཱ་ཊལ་བྷི་ཧཱ་རཱེ་བྷ་ཇཱི་པ་ཡེ་ Mr Atal Bihari Vajpayee མཆོག པར་དབང་། Dailyhunt

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ ཚེས་༡༦ཉིན། རྒྱ་གར་གྱི་སྲིད་བློན་ཟུར་པ་ཨཱ་ཊལ་བྷི་ཧཱ་རཱེ་བྷ་ཇཱི་པ་ཡེ་ Mr Atal Bihari Vajpayee མཆོག་སྙུང་གཞིའི་རྐྱེན་པས། ལྡི་ལིར་རྟེན་གཞི་བྱས་པའི་ཨེམ་སི་AIIMS སྨན་ཁང་དུ་སྐུ་གྲོངས་ཕྱིན་ཡོད་པར་༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨཱ་ཊལ་བྷི་ཧཱ་རི་བྷ་ཇཱི་པ་ཡེ་མཆོག་གི་གསོས་ཕྲུག་ན་མི་ཏ་བྷ་ཊ་ཅརྱའི་ Smt Namita Bhattacharyaམཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་འཁོད་དོན། ངོས་རང་ཨཱ་ཊལ་བྷི་ཧཱ་རི་བྷ་ཇཱི་པ་ཡེ་མཆོག་དང་ངོ་ཤེས་གྲོགས་པོ་ཆགས་པ་དེ་བསོད་བདེ་ཆེན་པོ་ཞིག་ལ་རྩི་ཡི་ཡོད། དེ་སྔ་ཨཱ་ཊལ་བྷི་ཧཱ་རི་བྷ་ཇཱི་པ་ཡེ་མཆོག་གིས་ཕྱག་ལས་གནང་བཞིན་པའི་སྐབས་ངོས་གཉིས་རྒྱུན་དུ་ཐུག་འཕྲད་དང་། ཐ་ན་དམ་པ་དེ་ཉིད་རྒན་ཡོལ་ཞུས་རྗེས་ངོས་རང་མུ་མཐུད་ཁོང་གི་བཞུགས་ཤག་ཏུ་ཐུག་འཕྲད་དུ་ཕྱིན་པ་ཡིན། ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་མཆོག་ནི། བློས་གཏོང་གནང་མཁན་གྱི་སྲིད་དོན་པ་ཞིག་རེད། དམ་པ་དེ་ཉིད་སྐུ་ཚེ་འཕེན་པ་རྫོགས་པ་ནི་རྒྱ་གར་ལ་མཚོན་ན་ཧ་ཅང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་མེད་པ་ཆགས་པ་རེད།

ཕྱི་ལོ་ ༡༩༥༠སྨད་ཙམ་ནས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡེ་མཆོག་གིས་ལྷག་བསམ་རྣམ་དག་གིས་བོད་དོན་དང་བོད་མིའི་ཆེད་རྒྱབ་སྐྱོར་གནང་འགོ་ཚུགས། དུས་དེ་ནས་བཟུང་དམ་པ་དེ་ཉིད་ཀྱིས་རྒྱ་གར་གྲོས་ཚོགས་ནང་བོད་དོན་ཆེད་རྒྱབ་སྐྱོར་ཤགས་ཆེ་གནང་དགོས་པའི་རྒྱ་གར་གཞུང་ལ་འབོད་སྐུལ་ཡང་ཡང་ཞུས་ཡོད། མཐའ་དོན་སྙན་གྲགས་ཆེ་བའི་སྲིད་དོན་པ་དམ་པ་དེ་ཉིད་མཆོག་ལ་བསྔོ་བ་སྨོན་ལམ་དང་སྦྲགས་ཤུལ་ལུས་ཉེ་འབྲེལ། གྲོགས་པོ་གྲོགས་མོ་དེ་བཞིན་ཕྱག་སྦྲེལ་བཅས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུང་འཕྲིན་བསྩལ། །

དགུང་ལོ་༩༣ ལ་སོན་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨཱ་ཊལ་བྷི་ཧཱ་རཱེ་བྷ་ཇཱི་པ་ཡེ་ Mr Atal Bihari Vajpayee མཆོག་ནི་རྒྱ་གར་སྲིད་བློ་ཐེངས་གསུམ་གནང་མྱོང་ཡོད་པ་དང་། ཁོང་ནི་བརྩི་མཐོང་ཆེ་ཤོས་ཀྱི་ཆབ་སྲིད་པ་ཞིག་ཡིན་པ་བརྟེན། རྒྱ་གར་གཞུང་གིས་གསལ་བསྒྲགས་སྤེལ་བའི་ནང་དུ་ཁོང་ལ་ཉིན་བདུན་རིང་དམྱལ་ངན་ཞུ་རྒྱུ་དང་དེ་རིང་ལས་ཁུང་དང་མཐོ་སློབ་སོགས་སྒོ་རྒྱོབས་ཡོད་འདུག