16
Tue, Apr

རྒྱ་ནག་གི་ལག་འཁྱེར།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༨་ཚེས་༦ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་ཚོགས་ཆུང་ནས་རྒྱ་གཞུང་གི་ལག་ཁྱེར་སྤྲོད་ཕྱོགས་ཐད་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པ་དེས་བོད་མི་ཚོར་ལག་ཁྱེར་ཐོབ་འགྱུར་འགོག་རྐྱེན་བཟོ་བཞིན་ཡོད་སྟབས་རྒྱ་ནག་གཞུང་ལ་གསལ་བཤད་དགོས་པའི་རེ་འདུན་བཏོན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་དོ་དམ་ལྷན་ཁང་གིས་རྒྱ་ནག་ནང་དུ་མི་རིགས་དབྱེ་འབྱེད་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱེད་བཞིན་པའི་དུས་སྐབས་དང་བསྟུན་གནད་དོན་དེའི་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག སྐབས་དེར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལྷན་ཁང་ཐུན་མོང་ཐོག་ཤོག་གྲངས་ ༥ ཅན་གྱི་ཚིག་ཐོ་ཞིག་རྒྱ་ནག་འགོ་ཁྲིད་ཚོར་སྤྲད་དེ། ཐེངས་འདིར་རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་རྒྱུའི་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱེད་པ་རྒྱུད་གྲངས་ཉུང་མི་རིགས་ཡིན་པའི་བོད་མི་རྣམས་ལ་ཆེད་མངགས་མི་རིགས་དབྱེ་འབྱེད་བྱས་པར་ངོས་འཛིན་ཐོག་སེམས་འཚབ་ཀྱི་རྣམ་པ་བཏོན་པ་དང་སྦྲགས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད།

རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བསྐྱོད་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་གསལ་འདོན་བྱེད་འདུག གཞན་ཡང་ཚིག་ཐོ་དེའི་ནང་འཁོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་ཕྱོགས་ཀྱི་སྲིད་བྱུས་མི་འདྲ་བ་གཉིས་ལག་བསྟར་བྱས་པ་བརྒྱུད་བོད་མི་རྣམས་ཀྱི་འགྲོ་བསྐྱོད་ཀྱི་རང་དབང་ལ་དམ་བསྒྲགས་བྱས་པ་ཙམ་མ་ཟད། རྒྱལ་ཁབ་གཞན་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་ཆོས་ཞུ་རྒྱུས་མཚོན་བོད་མི་ཆོས་དད་རང་བ་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་གསལ་འདོན་བྱས་ཡོད།

རྒྱ་གར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་ཆོས་ཞུ་བར་བཅར་མཁན་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་དུས་བཀག་ངེས་ཅན་ཐོག་བོད་དུ་ཕྱིར་ལོག་དགོས་པ་དང་། ཅི་སྟེ་དུས་བཀག་ནང་ཚུད་ལ་བོད་དུ་ཕྱིར་ལོག་མ་བྱས་ཚེ་འབྲེལ་ཡོད་ནང་མི་སྤུན་མཆེད་རྣམས་ལ་དམ་བསྒྲགས་སུན་གཙེར་བཟོ་རྒྱུའི་སྡིགས་སྐུལ་སྣ་ཚོགས་གཏོང་བཞིན་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཁྱད་ལས་པ་ཚོས་གསལ་འདོན་བྱས་པ་རྒྱུད་བོད་མི་རྣམས་ཀྱི་ལག་ཁྱེར་བཙན་འཕྲོག་བྱས་པ་དང་།བོད་མི་རྣམས་འཛིན་བཟུང་བཀག་ཉར་འོག་འདྲི་རྩད་བྱས་པ། གནས་སྟངས་ཇི་འདྲ་ཞིག་གི་འོག་དོ་དམ་བཀག་ཉར་བྱེད་མིན་ཐད་སེམས་འཚབ་ཤུགས་ཆེ་ཡོད་ཅེས་གསུངས་འདུག།