16
Tue, Apr

ཞིན་ཅི་ཕིང་དང་ཀེམ་ཇོན་ཨིན་སླར་མཇལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཟླ་བ་གསུམ་མ་ཟིན་པའི་དུས་ཚོད་ནང༌ང་རང་དང་སྲིད་འཛིན་ཀེམ་ཇོན་ཨིན་ད་ངགྲོས་མོལ་ཐེངས་གསུམ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་བྱུང་བ་དང༌། རྒྱ་ནག་དང་བྱང་ཀོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་བའི་ལེའུ་གསར་པ་ཕྱེས་ཡོད་ཅེས་སྲིད་འཛིན་ཞིན་ཅི་ཕིང་གིས་བཤད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ཉིན་རྒྱ་ནག་གི་སྲིད་འཛིན་ཞིན་ཅི་ཕིང་གིས་ཉིན་དེ་ལ་པེ་ཅིན་ནས་རྒྱ་ནག་རྒྱལ་དོན་འཚམས་འདྲི་གནང་མཁན་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོན་ཨིན་དང་ཐུག་འཕྲད་གནང་ཡོད་འདུག

རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མིག་སྔའི་རྒྱ་ནག་དང་བྱང་ཀོ་རེ་ཡའི་འབྲེལ་བའི་གོང་འཕེལ་དང་ཀོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་དུས་བབ་ཐད་སྦ་གསང་མེད་པར་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང༌། རྒྱ་ནག་དང་ཀོ་རེ་ཡའི་འབྲེལ་བ་སྲུང་སྐྱོང་དང༌། སྲ་བརྟན། གོང་འཕེལ་བཅས་ཡག་པོ་གཏོང་བ། ཐུན་མོང་ཐོག་ཀོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཞི་བདེ་བརྟན་ལྷིང་ལ་འཕྲད་པའི་གནས་བབ་བཟང་པོར་སྐུལ་འདེད་བཏང་ནས། འཛམ་གླིང་དང་ས་ཁུལ་གྱི་བརྟན་ལྷིང་དང༌། དར་རྒྱས་གོང་འཕེལ་ལ་སྲུང་སྐྱོབ་བྱེད་ཆེད་སོགས་ལ་བསམ་ཚུལ་བརྗེ་བྱས་ཡོད་འདུག

ཞི་ཅིན་ཕིང་གིས་ང་ཚོས་དགའ་ཚོར་ཆེན་པོས་སྲིད་འཛིན་ཀེམ་ཇོན་ཨིན་དང་སྲིད་འཛིན་ཊོམ་རྣམ་གཉིས་ཀྱིས་སེང་གྷ་པོར་གལ་ཆེའི་ཐུག་འཕྲད་གྲོས་མོལ་གནང་ནས། ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་དུ་འགྱུར་རྒྱུ་དང༌། ཕྱེད་གླིང་ཕྲན་དུ་ཡུན་རིང་ཞི་བདེའི་སྒྲིག་གཞི་འཛུགས་རྒྱུའི་ཐད་རྩ་དོན་ཐོག་ནས་ངོས་འཛིན་གཅིག་གྱུར་བྱུང་བ་དང༌། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་མཐོང་ཞིང༌། རྒྱ་ནག་ཕྱོགས་ནས་དོན་དེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། དེ་བཞིན་སྲིད་འཛིན་ཀེམ་ཇོན་ཨིན་ཆེད་དུ་རྒྱ་ནག་ལ་འཚམས་འདྲི་གནང་བར་ཕེབས་པ་དེས། རྒྱ་ནག་དང་བྱང་ཀོ་རེ་ཡ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་གཏུག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མངོན་ཡོད་པས། ང་རང་ནས་དོན་དེར་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་འདུག

ཞི་ཅིན་ཕིང་གིས་ཟླ་བ་གསུམ་མ་ཟིན་པའི་དུས་ཚོད་ནང༌ང་རང་དང་སྲིད་འཛིན་ཀེམ་ཇོན་ཨིན་ད་ངགྲོས་མོལ་ཐེངས་གསུམ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་བྱུང་བ་དང༌། རྒྱ་ནག་དང་བྱང་ཀོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་བའི་ལེའུ་གསར་པ་ཕྱེས་ཡོད། རྒྱ་ནག་སྲིད་གཞུང་གིས་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང༌། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང༌། རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་དང་བྱང་ཀོ་རེ་ཡའི་འབྲེལ་བ་སྲ་བརྟན་གོང་འཕེལ་གཏོང་རྒྱུའི་ལངས་ཕྱོགས་བརྟན་པོར་འགྱུར་བ་གཏོང་མི་སྲིད། རྒྱ་ནག་མི་དམངས་ནས་བྱང་ཀོ་རེ་ཡའི་མི་དམངས་ལ་བཅངས་པའི་མཛའ་གྲོགས་བརྩེ་བར་འགྱུར་བ་འགྲོ་མི་སྲིད། རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་བྱང་ཀོ་རེ་ཡར་རྒྱབ་སྐྱོར་བྱེད་པར་ཡང་འགྱུར་བ་གཏོང་མི་སྲིད། ང་རང་ནས་སྲིད་འཛིན་ཀེམ་ཇོན་ཨིན་དང་ལྷན་དུ་ཕྱོགས་གཉིས་པོའི་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། རྒྱ་ནག་དང་བྱང་ཀོ་རེ་ཡའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང༌། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བཤད་འདུག

ཞི་ཅིན་ཕིང་གིས་ང་ཚོས་བྱང་ཀོ་རེ་ཡས་ལས་ཀའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ཐད་འཇོག་རྒྱུའི་གཏན་འབེབས་གལ་ཆེན་བྱས་པ་དང༌། བྱང་ཀོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པ་མཐོང་བར་དགའ་ཚོར་ཆེན་པོ་བྱུང༌། ང་ཚོས་བྱང་ཀོ་རེ་ཡས་དཔལ་འབྱོར་གོང་འཕེལ་དང༌། དམངས་འཚོ་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་དང༌། བྱང་ཀོ་རེ་ཡས་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་འདུག

སྲིད་འཛིན་ཀེམ་ཇོན་གྱིས་རྒྱ་ནག་ནི་ང་ཚོའི་རླབས་ཆེན་གྱི་མཛའ་གྲོགས་ཁྱིམ་མཚེས་ཡིན་པ་དང༌། སྲིད་འཛིན་ཞི་ཅིན་ཕིང་ནི་ང་ཚོས་ཧ་ཅང་གུས་བཀུར་དང་ཡིད་ཆེས་ཞུ་སའི་རླབས་ཆེན་གྱི་འགོ་ཁྲིད་པ་ཡིན། སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་སྲིད་གཞུང༌། མི་དམངས་བཅས་ནས་སྔ་བར་ཕྱི་གསུམ་དུ་ང་རང་དང་མི་སྒེར་དང་བྱང་ཀོ་རེ་ཡའི་སྲིད་གཞུང༌། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་མཐུན་ལམ་འཛིན་པ་དང་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་ནས་བྱང་ཀོ་རེ་ཡའི་མི་དམངས་ལ་སྣེ་ཁྲིད་བྱས་ནས་ང་རང་དང་སྲིད་འཛིན་ཞི་ཅིན་ཕིང་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་གཅིག་གྱུར་བྱུང་བ་དོན་འཁྱོལ་ནན་ཏན་བྱེད་པ་དང༌། སྲ་བརྟན་འགྱུར་མེད་ཀྱི་བྱང་ཀོ་རེ་ཡ་དང་རྒྱ་ནག་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་གོང་འཕེལ་གཏོང་རྒྱུ་ཡིན་པ་སོགས་བཤད་ཡོད་འདུག