23
Sun, Sep
25 New Articles

ཕྱོགས་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་བཞིན་པ།

རྒྱལ་སྤྱིའི་གསར་འགྱུར།
Typography

ལོ་བཅུ་ཕྲག་འགའི་ཆབ་སྲིད་དགྲར་འཛིན་དང་དམག་དོན་ཁ་གཏད་ཀྱི་རྗེས་སུ། བྱང་ཀོ་རི་ཡ་དང་ཨ་རིའི་འགོ་ཁྲིད་པ་ཡང་བསྐྱར་གྲོས་མོལ་གྱི་ཅོག་ཙེའི་མདུན་ནས་ཐུག་པ་ནི། བྱང་ཀོ་རི་ཡའི་ཕྱེད་གླིང་གི་ཛ་དྲག་ཆེ་བའི་གནས་བབ་དེ་ཞི་འཇགས་སུ་སོང་བའི་མཚོན་རྟགས་ཤིག་ཡིན་ཞེས་རྒྱལ་སྤྱིས་ཆབ་སྲིད་དཔྱད་བརྗོད་པས་བཤད་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢་ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་ཏྲོམ་གཉིས་སིང་གྷ་པོར་ནས་མཇལ་འཕྲད་ཐོག་མ་གནང་ཡོད་འདུག གསར་འགྱུར་བརྒྱུད་ལམ་ཁག་ལྟར་ན་སིང་གྷ་པོར་རྒྱལ་ཁབ་ཀྱི་ཁྲིན་ཐོ་ཁྲི་གླིང་ཕྲན་དེ་ཚེས༡༢ཉིན་འཛམ་གླིང་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱེད་ཡུལ་དུ་གྱུར། བྱང་ཀོ་རི་ཡི་སྲིད་འཛིན་ཀེམ་ཇོན་ཨན་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ས་གནས་དེ་ནས་མཇལ་འཕྲད་གནང་། ཀོ་རི་ཡའི་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པའི་ཐད་གོམ་པ་གལ་ཆེན་ཞིག་སྤོས།

ཡུན་རིང་པོར་ཕན་ཚུན་དགྲ་རུ་བཟུང་བའི་བྱང་ཀོ་རི་ཡ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་འགོ་ཁྲིད་པའི་ཐུག་འཕྲད་ཐོག་མ་སྤེལ་ནས།བྱང་ཀོ་རི་ཡའི་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཞི་བདེའི་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་དོན་དག་ལ་གྲོས་སྡུར་བྱས། ས་གནས་དེ་གའི་སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ་ཁྲིན་ཐོ་ཁྲི་གླིང་ཕྲན་སྟེང་གི་ཇ་པེ་ལ་མགྲོན་ཁང་གི་ར་སྐོར་ནང་གི་གདན་སྟེང་ནས་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་ཀྱིས་ཕན་ཚུན་ལ་ལག་འཇུ་བྱས་ཏེ་འཚམས་འདྲི་བྱས། བཞུགས་གྲལ་དུ་བསྡད་རྗེས་སྲིད་འཛིན་ཏྲོམ་གྱིས་ཕྱོགས་གཉིས་ཀྱི་གྲོས་མོལ་ལེགས་འགྲུབ་འབྱུང་བར་རེ་སྒུག་བྱས་ཡོད་པ་དང་།ཕྱོགས་གཉིས་བར་དུ་འབྲེལ་བ་བཟང་པོ་འཛུགས་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད། སྲིད་འཛིན་ཀེམ་ཇོན་ཨན་གྱིས་དེ་རིང་ངེད་གཉིས་ཐུག་པ་འདི་ནི་ལས་སླ་མོ་ཞིག་མིན་ལ། ཕྱོགས་གཉིས་ཀྱིས་བར་ཆད་མང་པོ་སེལ་ཡོད་ཅེས་བཤད།

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ལྟར་ན། ལོ་བཅུ་ཕྲག་འགའི་ཆབ་སྲིད་དགྲར་འཛིན་དང་དམག་དོན་ཁ་གཏད་ཀྱི་རྗེས་སུ། བྱང་ཀོ་རི་ཡ་དང་ཨ་རིའི་འགོ་ཁྲིད་པ་ཡང་བསྐྱར་གྲོས་མོལ་གྱི་ཅོག་ཙེའི་མདུན་ནས་ཐུག་པ་ནི། བྱང་ཀོ་རི་ཡའི་ཕྱེད་གླིང་གི་ཛ་དྲག་ཆེ་བའི་གནས་བབ་དེ་ཞི་འཇགས་སུ་སོང་བའི་མཚོན་རྟགས་ཤིག་ཡིན་ལ། ཕྱེད་གླིང་ལ་ཞི་བདེའི་གོ་སྐབས་ཡང་བསྐྱར་འབྱུང་བའི་སྒོ་མོ་འབྱེད་ཐུབ་པར་རེ་བ་ཆེ་ཟེར། སྤྱིར་ཐོག་མའི་འཆར་གཞི་ལྟར་ན།བྱང་ཀོ་རི་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་ཀྱི་དུས་ཡུན་ཉིན་གཅིག་རེད། ཕྱོགས་གཉིས་ཀྱིས་སྔ་གཞུག་ཏུ་འགོ་ཁྲིད་པའི་ཐུག་འཕྲད་དང་གཞི་ཁྱོན་ཆེ་བའི་སྲིད་གཞུང་གི་གྲོས་མོལ་བསྡུས་རྗེས་བྱ་བའི་གུང་ཚིགས་ལ་རོལ་དགོས། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་ཐབས་ལམ་དང་དུས་ཚོད། ད་དུང་ཨ་རིའི་ཕྱོགས་ཀྱིས་ཇི་ལྟར་བྱང་ཀོ་རི་ཡ་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་སོགས་ནི་ཐུག་འཕྲད་ཀྱི་གྲོས་གཞི་གཙོ་བོར་འགྱུར་སྲིད། བྱང་ཀོ་ཡ་དང་ཨ་རིས་ཡུན་རིང་པོར་ཕན་ཚུན་ལ་ཡིད་ཆེས་མ་བྱས་པར་མ་ཟད་གནད་འགག་གི་དོན་དག་མང་པོའི་ཐད་ནས་ད་དུང་འགལ་བ་ཡོད་པས།ཐུག་འཕྲད་ཀྱི་བརྒྱུད་རིམ་དང་མཇུག་འབྲས་དེ་ད་དུང་བཤད་དཀའ་ཟེར། སིང་གྷ་པོར་རྒྱལ་ཁབ་ཀྱི་སྲིད་འཛིན་ལི་ཞན་ལུང་གིས་བཤད་རྒྱུར། བྱང་ཀོ་རི་ཡ་དང་ཨ་རིའི་འགོ་ཁྲིད་པའི་ལས་འགན་ཧ་ཅང་ལྕི་བས་ཐེངས་གཅིག་ལ་ཡོངས་འགྲུབ་བྱེད་ཐུབ་པ་ཞིག་མིན་མོད། ཡིན་ནའང་ཐེངས་འདིའི་ཐུག་འཕྲད་ནི་ཕྱོགས་གཉིས་ཀས་གྲོས་མོལ་གྱི་ལམ་དུ་སྐྱོད་པའི་གོམ་པ་དང་པོ་རེད་ཅེས་བཤད་འདུག

གསལ་བསྒྲགས་ཀྱི་ས་མིག